ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ལྷ་ལྡན་ཞིང་དུ་བོན་གྱི་དད་ལྡན་པ་ཚོས་ལོ་མཆོད་ཕུལ་བ།
ལྷ་ལྡན་ཞིང་དུ་བོན་གྱི་དད་ལྡན་པ་ཚོས་ལོ་མཆོད་ཕུལ་བ།
[རྩོམ་གྱི་ཡོང་ཁུངས། དཔལ་རྒྱལ་ཟིན་བྲིས།] [རྩོམ་པ་པོ། ཁྱུང་པོ་དཔལ་རྒྱལ།] [ཟླ་ཚེས། 11-10-24] [ཀློག་གྲངས། ]

ཉེ་ཆར་ལྷ་ལྡན་དག་པའི་ཞིང་དུ་ཡོད་པའི་གཡུང་དྲུང་བོན་གྱི་དད་ལྡན་པ་ཚོས་མ་བགྲོས་གཅིག་མཐུན་གྱིས་ངང་ནས་བླ་ཆེན་དྲན་པ་ཡབ་སྲས་དང་ལི་ཤུ་སྟག་རིང་སོགས་རིག་འཛིན་གྲུབ་ཆེན་མང་པོའི་སྒྲུབ་པ་ཉམས་ལེན་དང་བཀའ་རྟགས་ཞབས་རྗེས་འཇོག་མྱོང་བའི་བྲག་དཀར་རྩེ་རྫོང་གི་མདུན་ཞོལ་དུ་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་ཐམས་ཅད་ཀྱི་སྐུ་ཚེ་མཛད་འཕྲིན་མཐའ་རུ་ཕྱིན་པ་དང་། སྐྱེ་འགྲོ་ཀུན་གྱི་བར་ཆད་དང་ཉེར་འཚེ་ཞི་ཞིང་དགའ་སྐྱིད་ལེགས་ཚོགས་གོང་དུ་འཕེལ་བ། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འཁོད་པའི་ཕྱིར་དུ་དམིགས་ཏེ་གཙང་རྒྱལ་བ་སྨན་རི་ཚང་ནས་བླ་གྲྭ་བཅུ་ཕྲག་ལས་བརྒལ་བ་གདན་དྲངས་ཏེ་ཞི་ཁྲོ་ཚར་གསུམ་དང་། མཆོད་མེ་ཁྲི་མཆོད་གསུམ།གསོན་གཤིན་གཉིས་ཀྱི་བྱང་བུ་བཞུས། བོན་སྐྱོང་སྟོང་ཚོགས་ཕུལ་བ་སོགས་གཡུང་དྲུང་བོན་ཆོག་གྱེར་བའི་སྒྲ་དབྱངས་ལྷ་ལྡན་ཞིང་དུ་ཁྱབ་པས་མཐོང་ཚད་དད་འདུན་འཕེལ་བ་ཐོས་ཚད་དགའ་མགུ་སྐྱེ་དབང་མེད་དུ་སྐྱེ་བའི་རྒྱུ་རུ་གྱུར་པའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག