ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ།
ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གཡུང་དྲུང་བསྟན་འཛིན།] [ཟླ་ཚེས། 11-10-17] [ཀློག་གྲངས། ]


 ༧ དམུ་རིགས་གཤེན་གྱི་གདུང་སྲས་མཆོག་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་དང་བཙུན་མ་རྣམས་ལྷན་འཛོམས་ཀྱི་དྲན་རྟེན།

    རྨ་མེད་གྱེར་གྱི་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཟུང་དང་དམུ་རིགས་གཤེན་གྱི་གདུང་འཛིན་ཡབ་སྲས་སོགས་བསྟན་འཛིན་གྱི་སྐྱེས་མཆོག་གང་ན་སུ་བཞུགས་པ་རྣམས་སྐུ་ཚེ་ཞབས་བརྟན་དང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཡངས་པའི་ཞིང་ཁམས་ཀུན་ཏུ་དར་ཞིང་རྒྱས་ཏེ་སྙིགས་མའི་དུས་ཀྱི་ནད་མུག་འཁྲུག་རྩོད་མ་ལུས་རྨེང་ནས་ཞི་བའི་ཕྱིར་དུ། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་གསུམ་པ་དེ་སྤྱི་ལོ་༢༠༡༡་ལོའི་ཟླ་བ་༩་ཚེས་༡༨་ཉིན་རེ་ནེ་དགོན་གཡུང་དྲུང་བསྟན་རྒྱས་གླིང་དུ་འཚོགས་པ་དང་།


༧ གཤེན་སྲས་རིན་པོ་ཆེ་དབུས་བཞུགས་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པ།

ཆབས་གཅིག་ཕྱོགས་ཁག་ནས་ཕེབས་པའི་བླ་གྲྭ་སྔགས་བཙུན་ལྔ་བརྒྱ་ཡས་མས་འདུ་འཛོམས་ཀྱིས་བླ་ཆེན་དྲན་པ་ནམ་མཁའ་དང་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས། དབལ་བོན་སྟག་ལ་མེ་འབར་གྱི་སྟོང་ཚོགས་སོགས་རྒྱས་འབུལ་བྱས།


༧ གཤེན་སྲས་རིན་པོ་ཆེ་དང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་སོགས།

ལྷ་སྡེ་མི་མང་ལྟོས་སོ་ཅོག་གིས་ཇི་ལྟར་གསོལ་བ་བཏབས་པ་བཞིན་སྨན་སྒྲུབ་ཆེན་མོའི་བྱིན་འབེབས་ཀྱི་གདན་ཞུས་༧དཔོན་གསས་ཆེན་མོ་དམུ་རིགས་གཤེན་གྱི་གདུང་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག

 
དད་ལྡན་མང་ཚོགས།

དད་ལྡན་མང་ཚོགས།

   སྤྱི་ཚེས་༣༠ཉིན་ཕྱོགས་ཁག་ནས་འབྱོར་བའི་དད་ལྡན་ཁྲི་ཕྲག་གཉིས་ཡས་མས་ཙམ་ལ་ཕུར་པའི་སྨན་སྒྲུབ་གྱིས་བཀའ་དབང་ཟབ་མོ་བསྩལ། སྤྱི་ཚེས༡ཉིན་དམུ་རིགས་གཤེན་གྱི་གདུང་སྲས་མཆོག་དང་དེར་འདུས་བཙུན་པ་དང་བཙུན་མ་རྣམས་ལྷན་འཛོམས་ཀྱི་དྲན་རྟེན་སྐུ་པར་བསྒྲོན་ཏེ་རིན་པོ་ཆེ་མཆོག་སྟོན་འཁོར་རྣམས་ལྷ་ལྡན་ཉི་མའི་གྲོང་དུ་ཕྱིར་ཆིབས་བསྒྱུར་གྱིས་འདུས་སྡེ་ཡོངས་ནས་ཕེབས་བསྐྱལ་ཞུས།


༧ གཤེན་སྲས་རིན་པོ་ཆེ་དབུས་བཞུགས་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པས་བཀའ་དབང་བསྩལ་བཞིན་པ།

དད་ལྡན་མང་ཚོགས།

སླར་སྤྱི་ཚེས་༢ཉིན་དེར་འདུས་ཀྱི་དད་ལྡན་རྣམས་སྨན་སྒྲུབ་ཆེན་མོའི་བྱིན་རླབས་ཀྱིས་ཚིམས་པར་བྱས་ཤིང་བཀྲ་ཤིས་དགའ་སྟོན་ངང་མཇུག་གྲུབ་པའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག