ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> མདོ་སྨད་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཚད་མ་དགུན་ཆོས་ཆེན་མོ་ཐེངས་ལྔ་བ་འཚོགས་པ།
མདོ་སྨད་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཚད་མ་དགུན་ཆོས་ཆེན་མོ་ཐེངས་ལྔ་བ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ལྕགས་ཕོ་འབྲུག] [ཟླ་ཚེས། 11-12-29] [ཀློག་གྲངས། ]





















  མདོ་སྨད་ལྷ་མོ་སྟག་ཚ་དགོན་དུ་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་ལྔ་བ་འཚོགས་པ་སྟེ། ཕྱོགས་ཕྱོགས་ནས་ཕེབས་པའི་གྲྭ་བཙུན་སྟོང་ཕྲག་བཞི་ཡས་མས་སུ་ལྷན་དུ་ཚད་མའི་དགུན་ཆོས་ཆེན་མོ་འཚོགས་པ་དང་། དེ་ཡང་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ་སོགས་ཀྱི་རིས་མེད་ཀྱི་ནང་བསྟན་གྱི་དགོན་སྡེ་བརྒྱ་ཕྲག་ལྷག་གི་གྲྭ་བཙུན་འདུས་ཡོད་པ་དང་། བོན་གྱི་དགོན་སྡེ་ཕྱོགས་ནས་མདོ་སྨད་སྣང་ཞིག་དགོན་ཆེན་ནས་རིག་སྨྲ་བ་བརྒྱ་ཕྲག་ལྷག་དང་། མདའ་ཆེན་དཀར་མོ་རི་ཁྲོད་ནས་རིག་སྨྲ་བ་སུམ་ཅུ་ཡས་མས་དང་། དེ་བཞིན་བབ་བཟོ་བསམ་འགྲུབ་དགོན། ཨ་སྐྱིད་སྐྱང་ཚང་དགོན་སོགས་ལུང་རིག་སྨྲ་བའི་གྲྭ་བཙུན་འགའ་ཞིག་ཕེབས་ནས་རིས་མེད་ཀྱི་གྲུབ་མཐའ་བར་གྱི་ཚད་མའི་རིག་གཞུང་སྐོར་ལ་བསམ་བློ་བརྗེ་རེས་དང་། ལུང་རིག་གི་བགྲོ་གླེང་སོགས་གནང་བ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག