ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྣང་ཞིག་དགོན་ནས་སྙན་ངག་གི་བགྲོ་གླེང་འདུ་ཚོགས་བྱུང་བ།
སྣང་ཞིག་དགོན་ནས་སྙན་ངག་གི་བགྲོ་གླེང་འདུ་ཚོགས་བྱུང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀ་ཤུལ་བསོད་རིན།] [ཟླ་ཚེས། 12-01-08] [ཀློག་གྲངས། ]

རྔ་ཡུལ་སྣང་ཞིག་དགོན་ནས་སྙན་ངག་གི་བགྲོ་གླེང་ཞིག་འདུ་ཚོགས་བྱུང་བ།

 

      སྤྱི་ལོ༢༠༡༡ལོའི་བོད་ཟླ༡༡པའི་ཚེས༡༧གྱི་དགོང་ཁའི་དུས་ཚོད༥-༨བར་དུ་གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ལས་ཤག  གཤེན་རབ་གཏམ་གླེང་གི་རང་མོས་གླེང་སྟེགས་སྟེང་ནས་རྔ་ཡུལ་ཅོག་ལོ་དགོན་སྒོམ་སྒྲུབ་སློབ་གླིང་གི་སློབ་མ་ཚོས་གཙོ་སྒྲུབ་མཛད་པའི་བོད་ཀྱི་སེར་མོའི་སྙན་ངག་ལ་ཐད་གར་གདོང་གཏད་དེ“ང་ཚོ་སྙན་ངག་མེ་ལོང་མ་ལས་ཕྱིར་བསྣུར་བྱེད་དགོས”ཞེས་པའི་བགྲོ་གླེང་ཚོགས་ཆེན་ཞིག་བསྡུས་པ་མ་ཟད། ཚོགས་ཐོག་དེ་ལ་བོད་ཀྱི་སྙན་ངག་རིག་པ་ལ་དགའ་ཞེན་ཆེ་བའི་སྐྱ་སེར༢༠༠ལྷག་དགྱེས་འཛོམས་བྱུང༌། ཐེངས་འདིའི་གཏམ་བཤད་མི་སྣ་ནི་ལྕེ་གསུམ་པ། གྱིམ་གླིང་བུ། ལ་འབར་བསྟན་འཛིན་དར་རྒྱས། བྲག་གཤེད་མ། བསྟན་འཛིན་ཡེ་ཤེས། དགེ་ཆོས། རྫ་ཚེ་དབང་བསྟན་འཛིན། རྒྱ་ཤོད་ཤེར་རྒྱམ། ལྷ་བུ་བློ་བཟང༌། ཀ་ཤུལ་བསོད་རིན་རྣམས་ཡིན། དེ་ཡང་སེར་མོའི་སྙན་ངག་གི་ད་ལྟའི་གནས་བབ་མ་འོངས་རྒྱང་སྐྱོད་ལམ་གའི་ལངས་ཕྱོགས་གཞི་རྩར་བཟུང་སྟེ་དྲི་བ་དྲིས་ལེན་སོགས་ཀྱི་བགྲོ་གླེང་རང་བཞིན་གྱི་ཚོགས་འདུ་ཞིག་རྒྱལ་ཁའི་ངང་ལེགས་གྲུབ་བྱུང༌། 


 སྙན་ངག་བགྲོ་གླེང་འདུ་འཛོམས་བྱུང་བའི་གྲྭ་བཙུན་སྐོར་ཞིག

སྙན་ངག་བགྲོ་གླེང་འདུ་འཛོམས་སྐབས་སུ་ཕེབས་པའི་ཚོགས་རའི་ཟུར།

བགྲོ་གླེང་འདུ་འཛོམས་སྐབས་སུ་གྲྭ་གཞོན་ཁག་ཅིག་ལ་བྱ་དགའ་སྤྲད་བཞིན་པ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག