ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ནང་བསྟན་སློབ་གླིང་དུ་མཐར་ཕྱིན་དམ་བཅའ་འཇོག་འགོ་ཚུགས་པ་རེད།
ནང་བསྟན་སློབ་གླིང་དུ་མཐར་ཕྱིན་དམ་བཅའ་འཇོག་འགོ་ཚུགས་པ་རེད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རོལ།] [ཟླ་ཚེས། 12-05-10] [ཀློག་གྲངས། ]

   དེ་ཡང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཞི་བའི་གཡུང་དྲུང་བོན་གྱི་འབྲིང་རམས་རབ་འབྱམས་པའི་འཛིན་གྲྭ་བ་རྣམས་༢༠༡༢ལོའི་ཟླ༥ཚེས་༨ཉིན་ནས་དབུ་བཟུང་སྟེ་ཚེས་༡༤བར་དུ་མཐར་ཕྱིན་གྱི་ནང་རིག་དམ་བཅའ་འཇོག་པ་དང་རྩོད་པ། དེ་བཞིན་མཐར་ཕྱིན་དཔྱད་རྩོམ་སྒྲོག་འབུལ། ཆབ་སྲིད། རིག་གནས་བཅས་ཀྱི་སྐོར་ལ་མཐར་ཕྱིན་རྒྱུགས་སྤྲད་ཀྱི་དམ་བཅའ་སོགས་འཇོག་འགོ་ཚུགས་པ་རེད།

   མདོ་སྨད་སྣང་ཞིག་དགོན་ཆེན་གྱི་མཁན་ཟུར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ལུང་རྟོགས་རྒྱ་མཚོ་དང་། ཁྱུང་བོ་སྟེང་ཆེན་རྩེ་དྲུག་དགོན་པའི་དཔོན་སློབ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ལུང་རྟོགས་བསྟན་པའི་རྒྱལ་མཚན། ནང་བསྟན་སློབ་གླིང་གི་སྐབས་བཞི་བའི་འབྲིང་རམས་རབ་འབྱམས་པའི་འཛིན་གྲྭའི་འགན་ཁུར་བ་དགེ་བཤེས་བསྟན་འཛིན་འགྱུར་མེད་བཅས་དཔང་བཞུགས་དགེ་རྒན་དུ་ཕེབས་པ་དང་། དེ་བཞིན་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གསོ་པུའུ་ཡི་དབུ་ཁྲིད་དང་དགེ་རྒན་རྣམས་ཀྱིས་དམ་བཅའ་འཇོག་པ་སོགས་ལ་རྟོག་ཞིབ་དང་སྒྲིག་བཀོད་སོགས་གནང་བ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག