༢༠༡༢ལོའི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་མདོ་སྨད་བོན་གྱི་གྲྭ་ས་ཆེན་པོ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་དགོན་བདག གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན༧རྗེ་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་ལིང་ཧྲན་དང་ཡུན་ནན་གྱི་བོན་འབངས་རྣམས་ཀྱི་རེ་འདུན་ལྟར་རྔ་ཡུལ་ནས་ཆིབས་བསྒྱུར་བྱས་ཐོག་ཡུལ་དེའི་སེར་སྐྱ་མང་ཚོགས་ཀྱིས་དགའ་དད་གུས་པས་བསུ་བ་བྱས།
གཡུང་དྲུང་བདེ་ཆེན་གླིང་གི་གསེར་ཁྲིར་མངའ་གསོལ་མཛད་པ།
གཡུང་དྲུང་བདེ་ཆེན་གླིང་གི་གསེར་ཁྲིར་མངའ་གསོལ་མཛད་པ།
གནའ་བོའི་སིལ་སྙན་ཞིག
སྐྱབས་རྗེ་མཆོག་གིས་ས་གནས་དེའི་བོན་དགོན་བོན་འཛིན་གཡུང་དྲུང་གླིང་དང་གཡུང་དྲུང་བདེ་ཆེན་གླིང་།འཆི་མེད་བསྟན་རྒྱས་གླིང་།ཕུན་ཚོགས་བསྟན་རྒྱས་གླིང་།གཡུང་དྲུང་ཕུན་ཚོགས་གླིང་སོགས་དགོན་སྡེ་བརྒྱད་ལ་གཟིགས་སྐོར་དང་སེང་གེ་དཀར་མོ།མཐའ་ཡས་རྒྱ་མཚོ(泸沽湖)སོགས་གནས་རི་འགངས་ཆེན་དག་ལ་ཕེབས་ནས་བོན་བསྟན་དར་རྒྱས་ཀྱི་ཆེད་དུ་བཀའ་སློབ་གང་མང་བསྩལ།ད་དུང་དགོན་སྡེ་ཁག་ལ་རབ་གནས་དང་སྐལ་ལྡན་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་སྙིང་བོ་རྣམ་གསུམ།དགེ་སྡུག་སྤང་བླང་གི་སྐོར་སོགས་དབང་ལུང་མན་ངག་ཟབ་མོ་གནང་ནས་འགྲོ་དོན་མཛད་པ་དང་།ཉམས་ཞན་གྱི་བོན་དགོན་ཁག་ལ་དམངས་སྒོར་སྟོང་ཕྲག་རེ་ཕུལ་བ་མ་ཟད་རྗེས་སོར་ནུས་པ་གང་ཡོད་ཀྱིས་རོགས་སྐྱོར་གནང་རྒྱུའི་དམ་བཅའང་ཕུལ་བ་རེད།དེ་ལྟར་ས་གནས་དེར་གཟིགས་སྐོར་མཛད་རྗེས་ཕྱིར་སྣང་དགོན་ཏུ་ཆིབས་བསྒྱུར་གནང་བ་རེད།ལྷག་དོན་དུ་བོན་དགོན་འཁོས་ཆུང་འདི་དག་ལ་བསྟན་དོན་ལ་ལྷག་བསམ་དཀར་བའི་བླ་གྲྭ་གང་ཡིན་གྱིས་རོགས་སྐྱོར་གང་ནུས་གནང་རྒྱུའི་བཀའ་དྲིན་ཞུ།།
ཅོག་ལོ་དགོན.ཧྲེ་ཤུལ་ཤེས་རབ་བཟོད་པ་ནས།