ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ནང་བསྟན་སློབ་གླིང་གི་གཡུང་དྲུང་བོན་གྱི་རབ་འབྱམས་པའི་འཛིན་གྲྭ་བ་རྣམས་སློབ་མཐར་སོན་པ།
ནང་བསྟན་སློབ་གླིང་གི་གཡུང་དྲུང་བོན་གྱི་རབ་འབྱམས་པའི་འཛིན་གྲྭ་བ་རྣམས་སློབ་མཐར་སོན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁན་པོ་ཉི་མ་བསྟན་འཛིན།] [ཟླ་ཚེས། 12-05-16] [ཀློག་གྲངས། ]


དབུ་ཁྲིད་དང་དགེ་སློབ་ལྷན་རྒྱས་ཀྱི་དྲན་རྟེན་འདྲ་པར་བླངས་པ།

   སྤྱི་ལོ་ ༢༠༡༠ ལོའི་ཟླ་བ་ ༩ པར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སློབ་མ་སྡུད་ལེན་དང་བསྟུན་གཡུང་དྲུང་བོན་གྱི་རབ་འབྱམས་པའི་འཛིན་གྲྭ་གསར་དུ་བཙུགས་ཏེ་བོད་ལྗོངས་དང་སི་ཁྲོན་ནས་ཐེངས་དང་པོའི་བོན་པོ་སློབ་མ་བླ་སྤྲུལ་མཁན་གསུམ་དང་དགེ་བཤེས་བཅས་ཉེར་བཞི་སྡུད་ཡོད་པ་དང་། ལོ་རེ་ལ་དགེ་རྒན་གཉིས་རེ་གདན་འདྲེན་ཞུས་ཏེ་ལོ་དང་པོར་ཀུན་མཁྱེན་སྨྲ་བའི་དབང་པོ་མཁན་ཆེན་ཉི་མ་བསྟན་འཛིན་དང་ཡོངས་འཛིན་རྣམ་དག་འོད་ཟེར་གྱིས་མཛད་པའི་ཕར་ཕྱིན་སྐབས་བརྒྱད་དང་། ལོ་གཉིས་པར་རྗེ་རིན་པོ་ཆེས་མཛད་པའི་དབུ་མ་འཕྲུལ་གྱི་སྒྲོན་མེ་དང་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་སོགས་ཟབ་རྒྱས་ཀྱི་འཆད་ཁྲིད་གང་མང་གནང་ནས་སློབ་མ་རྣམས་སྐྱེད་སྲིང་གི་བཀའ་དྲིན་བསྐྱངས་ཤིང་། དེ་ཚན་རིག་ཤེས་བྱའི་སྐོར། ལོ་རྒྱུས་ཤེས་རིག་སྐོར། ཆབ་སྲིད་རིག་གནས། དེ་བཞིན་རྒྱ་ཡིག་རྒྱ་སྐད་བཅས་ལ་སློབ་གཉེར་གང་ལེགས་གནང་བ་རེད།


དབུ་ཁྲིད་ཀྱིས་སློབ་ཐོན་དཔང་ཡིག་གནང་བཞིན་པ།

མཐར་ཕྱིན་འཐུས་ཚབ་ཀྱིས་གཏམ་བཤད་སྤེལ་བཞིན་པ།

   སློབ་མ་རྣམས་ཀྱིས་ཀྱང་འདིར་སློབ་གཉེར་འདོད་པའི་བོན་གྱི་ཤེས་ལྡན་ཚོགས་ལ་ཕན་འདྲོང་ངེས་པའི་ལམ་ཁ་ལྟ་བུ་ཞིག་ཨེ་ཡོང་གི་འདུན་པ་ཡིད་ལ་བཅངས་ཏེ་མ་བསྐུལ་དང་བླང་གིས་སྒྲིག་སྲུང་དང་སློབ་གཉེར་ཐད་ལ་ཧུར་བརྩོན་ནན་པོར་བྱས་ཏེ་སློབ་གླིང་གི་དབུ་ཁྲིད་ཀུན་གྱིས་ཡི་རང་དང་བསྟོད་བསྔགས་ཚེགས་མེད་ཐོབ་པར་མ་ཟད།



སློབ་ཐོན་དཔང་ཡིག

   སྤྱི་ལོ་ ༢༠༡༢ ལོའི་ཟླ་བ་ ༥ ཚེས་ ༡༥ ཉིན་མཐར་ཕྱིན་གྱི་དམ་བཅའ་འཇོག་པ་སོགས་རྒྱུགས་སྤྲོད་རྣམས་ཡོངས་སུ་མཇུག་སྒྲིལ་ཏེ་འབྲེལ་ཡོད་གོང་རིམ་ལས་ཁུངས་ཀྱི་འགོ་ཁྲིད་བཅས་ཀྱིས་མཐར་ཕྱིན་སློབ་མ་རྣམས་ལ་སློབ་ཐོན་དཔང་ཡིག་གནང་བའི་མཛད་སྒོ་སྤེལ་ནས་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྡུ་བ་བཅས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག