ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དབྱར་ཁའི་སྨོན་ལམ་ཆེན་མོའི་འཚོགས་གྲོལ་བ།
༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དབྱར་ཁའི་སྨོན་ལམ་ཆེན་མོའི་འཚོགས་གྲོལ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ནས་བསྡུས།] [ཟླ་ཚེས། 12-07-08] [ཀློག་གྲངས། ]

མདོ་སྨད་བསྟན་པའི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་གི་དབྱར་ཁའི་སྨོན་ལམ་ཆེན་མོའི་འཚོགས་གྲོལ་བ།

   དེ་ཡང་༧བྱང་བྱ་དུར་དགའ་མལ་དགོན་ཆེན་ནི་མདོ་སྨད་སི་ཁྲོན་རྔ་བ་ཁུལ་སུམ་པ་ཟིང་ཆུའམ་ཤར་ཁོག་ཏུ་ཆགས་པའི་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་ཞིག་ཡིན་ལ། དེ་ལ་ཡང་ཕྱིའི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔའི་གདན་སའམ་གཞི་དགོན་ཡིན་པ་དང་། སུམ་པ་ཟིང་ཆུ་དགོན་པ་ཁག་མཉམ་དུ་འཚོགས་སྲོལ་དར་ནས་ད་བར་ལོ་ངོ་བརྒྱ་ཕྲག་འགའ་ཞིག་གི་ལོ་རྒྱུས་ཡོད་པ་དང་། ཁྱད་པར་དུ་༧དགའ་མལ་གཡུང་དྲུང་དར་རྒྱས་དགོན་ནི་ལོ་ངོ་དགུ་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་པའི་དགོན་རྙིང་ཞིག་ཡིན་ལ། དེ་ལས་༧བྱང་བྱ་དུར་དགའ་མལ་དགོན་ཆེན་ནི་དགའ་མལ་གཡུང་དྲུང་དགོན་དང་གླིང་སྐོར་གཅིག་ཏུ་ཆགས་ཡོད་ལ། དགོན་ཆེན་དངོས་སུ་ཕྱག་བཏབ་ནས་ད་བར་ལོ་སུམ་ཅུ་ལྷག་གི་ལོ་རྒྱུས་ལྡན་པ་དང་། དང་ཐོག་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ་རྣམ་གཉིས་མཁན་སློབ་ཉི་ཟླ་ཟུང་འབྲེལ་འོག་བཤད་སྒྲུབ་བསྟན་པའི་དར་ཆེན་ཕྱོགས་སུ་བསྒྲེངས་པ་དང་། དེ་ནས་དེང་གི་བར་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་༧དཔོན་སློབ་ཤེས་རབ་མཐར་ཕྱིན་རྣམ་གཉིས་དབུ་བཞུགས་ཐོག་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་པ་ལགས་སོ། །


༧ དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་གི་འཚོགས་ཁང་ཆེན་མོ།

   གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ཟླ་༥་ཚེས་༩ཉིན་ནས་ཚེས་༡༦བར་དུ་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་བོད་ཆུ་འབྲུག་ལོའི་དབྱར་ཁའི་སྨོན་ལམ་ཆེན་མོ་འཚོགས་པ་དང་ཁྱད་པར་དུ་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་ཉིད་བསྟན་དང་འགྲོ་བའི་དོན་དུ་སྐྱེ་བ་བཞེས་ནས་མི་ལོ་བརྒྱད་ཅུར་ཕེབས་པའི་དུས་སྟོན་ཆེན་མོ་ཡང་སྤེལ་བ་དང་། དེ་ནས་ཚེས་༡༥ཉིན་སྨོན་ལམ་ཆེན་མོའི་འཆམ་སྣ་ཚོགས་དང་གཏོར་རྒྱག་སོགས་གནང་བ་དང་། དེ་ནས་ཚེས་༡༦ཉིན་སྨོན་ལམ་ཆེན་མོའི་བཀྲ་ཤིས་སོགས་གནང་སྟེ་བོད་ཆུ་འབྲུག་ལོའི་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དབྱར་ཁའི་སྨོན་ལམ་ཆེན་མོའི་འཚོགས་གྲོལ་བ་རེད། དེ་ལྟར་ཉིན་རེའི་རེའུ་མིག་རྣམས་ཟུར་དུ་གསལ་བ་ལྟར་རོ། ། http://www.himalayabon.com/article/news/20120702841.html


༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་གཙོས་པའི་བླ་སྤྲུལ་ཁག་ཚོགས་ཁང་ཆེན་མོར་ཕེབས་བསུ་བྱེད་བཞིན་པ།

༧ མཁན་སློབ་རྣམ་གསུམ་གཙོས་པའི་བླ་སྤྲུལ་ཁག



༧ མཁན་སློབ་གཙོས་པའི་བླ་སྤྲུལ་ཁག་གིས་༼མཚོ་ནོར་བུའི་མཆོད་རྟེན༽མངའ་དབུལ་རབ་གནས་མཛད་བཞིན་པ།

དད་ལྡན་དམངས་ཚོགས་ཀྱིས་ཚོགས་ཆེན་འདུ་ཁང་སོགས་སུ་མཆོད་མཇལ་བྱེད་བཞིན་པ།

སྨོན་ལམ་ཆེན་མོའི་རྔ་གྲལ་བ་ཕེབས་བསུ་བྱེད་བཞིན་པ།

མ་རྒྱུད་ཀྱི་འཆམ།

སྤྲེའུ་འཆམ།

ཤྭ་འཆམ།

བླ་གྲྭ་རྣམས་གཏོར་རྒྱག་ཆེན་མོའི་སེར་ཕྲེང་བསྒྲིགས་བཞིན་པ།

གཤེན་རབ་དགུ་འཆམ།


གཏོར་རྒྱག་ཆེན་མོའི་སེར་ཕྲེང་བསྒྲིགས་བཞིན་པ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག