ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སི་ཁྲོན་རྔ་བ་ཁུལ་ཆུ་ཆེན་རྫོང་དུ་བོན་དང་འབྲེལ་བའི་རིག་དངོས་འགའ་ཞིག་རྙེད་པ།
སི་ཁྲོན་རྔ་བ་ཁུལ་ཆུ་ཆེན་རྫོང་དུ་བོན་དང་འབྲེལ་བའི་རིག་དངོས་འགའ་ཞིག་རྙེད་པ།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། རིན་སྤུངས་ནས་བསྡུས།] [ཟླ་ཚེས། 12-07-03] [ཀློག་གྲངས། ]

༢༠༡༢ལོའི་ཟླ༧ནས་བཟུང་ཀྲུང་གོའི་ནང་བསྟན་གནའ་རྫས་རྟོག་ཞིབ་མཁན་གྲགས་ཅན་དགེ་རྒན་ཆེན་མོ་དབུན་པའོ་ཁྲིན་གྱིས་ཡང་བསྐྱར་
སི་ཁྲོན་བོད་ཁུལ་དུ་རིག་གནས་གནའ་ཤུལ་རྟོག་ཞིབ་ལས་དོན་མཛད་པ་རེད།

དབུན་པའོ་ཁྲིན་ལགས་ཀྱིས་ཐོག་མར་སི་ཁྲོན་རྔ་བ་ཁུལ་ཆུ་ཆེན་རྫོང་དུ་རྟོག་ཞིབ་གནང་བ་དང་།   ཆུ་ཆེན་རྫོང་དམར་སྤང་ཤང་ཞོན་ཁུང་དགོན་པར་རྟོག་ཞིབ་བྱེད་དུས་དགོན་པའི་ནང་དུ་བོན་ཆོས་བསྐྱར་གསོ་བྱེད་མཁན་གྱི་བཤེས་གཉེན་དམ་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་སྐུ་འདྲ་ཞིག་དང་ཆོས་སྐྱོང་མང་པོའི་སྐུ་འདྲ་རྙེད་བྱུང་།

   དགེ་རྒན་ཆེན་མོ་དབུན་པའོ་ཁྲིན་ལགས་ཀྱིས“སྒྱུ་རྩལ་ཁྱད་ཆོས་ཀྱི་ཐད་ནས་བལྟས་ན་མིང་རྒྱལ་རབས་སྔོན་གྱི་ལྡེབས་རིས་ཤིག་ཡིན་པ་རྟོགས་ཐུབ་ལ།”སྒྱུ་རྩལ་གྱི་ཆུ་ཚད་ཀྱང་ཅུང་མཐོ་བར་འདུག་གསུངས།ཟ་བ་ཅོ་ཤང་བོན་ཆོས་ཆབ་མདོ་དགོན་དུ་དགེ་རྒན་ཆེན་མོ་དབུན་ལགས་ལོ་ངོ་ཁ་ཤས་སྔོན་དུ་བྱུང་བའི་རྡོ་རིང་ཞིག་ལ་རྟོག་ཞིབ་བྱེད་འདོད་བྱུང་བ་དང་། དེའི་ངོས་སུ་གཟུངས་སྔགས་ཐིག་ཕྲེང་གཉིས་བྲིས་ཡོད།
དགེ་རྒན་ཆེན་མོ་དབུན་ལགས་ཀྱིས་ཐུགས་གཞིགས་ཟབ་མོ་གནང་རྗེས་རྡོ་རིང་འདི་ནི་ཧ་ཅང་རྩ་ཆེན་ཞིག་སྟེ། “ཧ་ལམ་ལེགས་སྦྱར་ཡི་གེ་དང་ཞང་ཞུང་ཡི་གེའི་ཁོངས་སུ་གཏོགས་ཤིང་དུས་རབས༡༤ནས༡༥བར་གྱི་རིག་དངོས་ཞིག་ཡིན་པ་རྟོགས་ཐུབ།”གསུངས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག