ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> མདོ་སྨད་ཁྲི་ཀར་འཇང་དགུན་ཆོས་ཆེན་མོ་འཚོགས་པ།
མདོ་སྨད་ཁྲི་ཀར་འཇང་དགུན་ཆོས་ཆེན་མོ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གསས་བུ།] [ཟླ་ཚེས། 12-10-27] [ཀློག་གྲངས། ]

མདོ་སྨད་ཁྲི་ཀ་རྟེན་རྫོང་དུ་འཇང་དགུན་ཆོས་ཆེན་མོའི་ཐོག་བོན་གྱི་གྲྭ་བཙུན་འགའ་ཤས་བསྐྱོད་པ།

      ཡུལ་ཆེན་པོའི་རྒྱན་དུ་གྱུར་བའི་ཁྲི་ཀ་རྟེན་རྫོང་མཐོང་བ་ཀུན་སྨོན་ནི་མདོ་སྨད་ཀྱི་གཞི་ན་ངང་གིས་མཛེས་ཤིང་སྐྱེ་བའི་འགྲོ་བ་ཀུན་ལ་འཚེ་བ་མེད་ཅིང་དགེ་སེམས་ཀྱི་ལས་ལ་བརྩོན་པའི་གནས་གཞི་ཞིག་ལགས། ད་ལན་ཡང་མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་སྐབས་བཅུ་བ་འདུལ་བསྟན་གྱི་མེ་རོ་སླར་ཡང་སྦར་སའི་གནས་མཆོག་མདོ་སྨད་རྨ་རི་དེའུ་གསུམ་གྱི་ཕུག་པའམ་གནས་མཆོག་བྲག་དཀར་རྩེ་འདུས་ཀྱི་ཉེ་འདབས་ཁྲི་ཀ་རྫོང་གི་དགའ་ལྡན་དར་རྒྱས་གླིང་དུ་གཟབ་རྒྱས་ངང་ཚོགས། དགའ་ལྡན་དགོན་པའི་བླ་མ་སྔགས་རིམ་པ་དང་ལས་སྣ་འདུས་སྤྱི་ནས་བོད་ཀྱི་རིག་གནས་ཡར་རྒྱས་ཀྱི་ཕྱིར་དུ་དཀའ་པའི་ཚེགས་དང་དཀོན་པའི་ནོར་སོགས་ཕངས་མེད་དུ་བཏང་སྟེ་ཞབས་ཞུ་གང་ལེགས་བྱེད་པ་དངོས་ནས་རླབས་ཆེན་ཞིག་རེད། ཆོས་ཚོགས་འདི་ལ་གྲུབ་མཐའི་ཕྱོགས་ཞེན་གྱི་མོས་འདུན་རིང་དུ་དོར་ནས་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་དགེ་ལུགས་དང་ས་སྐྱ། བོན་པོ། རྙིང་མ་སོགས་གཞི་གཅིག་ཏུ་འཛོམ་ནས་རིགས་ལམ་གྱི་སྤྱི་འགྲོས་ལྟར་གཞུང་བརྒྱ་བགྲོ་གླེང་བྱས། དེའི་ནང་དུ་ད་ལན་བོན་གྱི་གྲྭ་བ་ཚོ་ཡང་རང་རང་གིས་ཐེག་ཚོད་ལྟར་རང་ལྟ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་རྣམ་དཔྱོད་ཀྱི་རིགས་པ་སྟོང་ཕྲག་ཐལ་བར་དུ་དྲངས་ནས་གཤེན་རབ་ཀྱི་བསྟན་པ་འཆད་སྤེལ་བྱེད་པའི་སྐལ་བ་ཐོབ་བོ།།


ཐེངས་འདིའི་གྲུབ་མཐའ་རིས་མེད་ཀྱི་འཇང་དགུན་ཆོས་སུ་ཞུགས་པའི་བོན་གྱི་རིགས་པ་སྨྲ་བའི་སྡེ།

ཐེངས་འདིའི་གྲུབ་མཐའ་རིས་མེད་ཀྱི་འཇང་དགུན་ཆོས་སུ་ཞུགས་པའི་བོན་གྱི་རིགས་པ་སྨྲ་བའི་སྡེ།

ཐེངས་འདིའི་གྲུབ་མཐའ་རིས་མེད་ཀྱི་འཇང་དགུན་ཆོས་སུ་ཞུགས་པའི་བོན་གྱི་རིགས་པ་སྨྲ་བའི་སྡེ།

ཐེངས་འདིའི་གྲུབ་མཐའ་རིས་མེད་ཀྱི་འཇང་དགུན་ཆོས་སུ་ཞུགས་པའི་བོན་གྱི་རིགས་པ་སྨྲ་བའི་སྡེ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག