ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྣང་ཞིག་དགོན་དུ་ཚད་མའི་འཆད་རྩོད་ཆེན་མོ་འཚོགས་པ།
སྣང་ཞིག་དགོན་དུ་ཚད་མའི་འཆད་རྩོད་ཆེན་མོ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་ནག་ཚང་ཡེ་ཤེས་བློ་གྲོས།] [ཟླ་ཚེས། 12-10-21] [ཀློག་གྲངས། ]

སྣང་ཞིག་དགོན་གྱི༼གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང༽གི་ཚད་མའི་འཆད་རྩོད་ཆེན་མོའི་གནས་ཚུལ་མདོར་བསྡུས། 

   ད་ལོའི་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད༽ཅེས་པ་སྔར་སྲོལ་བཞིན་བདུན་གསུམ་གྱི་རིང་ལ་ཚད་མའི་འཆད་རྩོད་དུ་ཚོགས། ཁྱོན་དགེ་སློབ་གཉིས་ཀ་ཉིས་བརྒྱ་དང་ལྔ་བཅུ་ལྷག་བཞུགས་ཤིང་སྡུད་གྲྭ་འཛིན་གྲྭ་མ་གཏོགས་མཚན་ཉིད་པ་ཆ་ཚང་གླིང་ཚན་བཞི་རུ་བགོས་ཏེ་གྲྭ་སྐོར་དང་ཐུག་རྒྱག་གི་ལས་རིམ་ཁྲོད་ནས་ཁྱབ་ལོག་མང་ཉུང་གིས་རྒྱལ་ཕམ་ཕྱེས་ཤིང་གླིང་ཚན་ཨང་དང་པོ་ཚང་ལ་བྱ་དགའ་སྤྲོད་པའི་བྱ་འགུལ་སྤེལ་བཞིན་འདུག རྗེས་སུ་རྩོད་རྒྱུགས་ཆེན་མོས་མཐའ་བརྒྱན་ནས་ཚད་མའི་འཆད་རྩོད་དེ་ཡོངས་སུ་ལེགས་འགྲུབ་ཀྱི་སྒོ་ནས་གྲོལ།


སློབ་གླིང་འདི་གའི་ཚོགས་གཙོ་སྤྲེའུ་བཙུན་ཀུན་བཟང་ལྷུན་འགྲུབ་མཆོག་ནས་འཆད་ཁྲིད་གནང་བཞིན་པ།

སྣང་ཞིག་དགོན་༼གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་༽གི་རིགས་པ་སྨྲ་བའི་སྡེ།

སྣང་ཞིག་དགོན་༼གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་༽གི་རིགས་པ་སྨྲ་བའི་སྡེ།

སྣང་ཞིག་དགོན་༼གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་༽གི་རིགས་པ་སྨྲ་བའི་སྡེ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག