ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྙན་ཞུ།
སྙན་ཞུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཡིག་ཚན་ཁག] [ཟླ་ཚེས། 12-11-04] [ཀློག་གྲངས། ]

   རི་བོ་གངས་ཅན་པའི་ཆབ་དཔལ་རིག་གསུམ་ཀུན་གྱི་གཞི་མ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་ཤ་ཞེན་དང་ལྷག་བསམ་དཀར་བའི་བོད་མདོ་དབུས་ཁམས་གསུམ་དུ་བཞུགས་པའི་སེར་སྐྱ་རིས་མེད་ཀྱི་གྲོགས་པོ་ཡོངས་ལ་གུས་ཞུ། འཛམ་གླིང་གོ་ལ་ཧྲིལ་བོའི་ཁྱོན་ན་གླེང་རིན་ཡོད་ཅིང་དགའ་བསུ་ཆེས་ཆེར་ཐོབ་པའི་ནང་བསྟན་ཆོས་ལུགས་ཀུན་གྱི་ཐོག་མ། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བྱ་གཞག་དམིགས་ཡུལ་དང་བརྗོད་བྱ་གཙོ་བོར་འཛིན་པའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཐེངས་གཉིས་པའི་འཐུས་མིའི་ཚོགས་ཆེན་དེ། ད་ལོར་མདོ་སྨད་རྟོགས་ལྡན་དགོན་ཆེན་དུ་འཚོགས་དགོས་པ་ཉེ་སྔོན་ཐེངས་གཅིག་གྲ་སྒྲིག་བྱས་ཟིན་པ་ལ་དུས་སྐབས་དང་ཁོར་ཡུག་སོགས་རྐྱེན་གང་མང་ཞིག་གིས་ཕྱི་བསྣུར་མི་བྱེད་ཀ་མེད་བྱུང་ཞིང་། དེ་མཚུངས་སུ་ང་ཚོས་གོང་རིམ་ལ་མུ་མཐུད་ནས་སྙན་ཞུ་ཡང་ཡང་བྱས་མཐར་གཞི་ནས་ད་ལོའི་སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ནས་འཚོགས་ཆོག་པའི་ཆོག་མཆན་གནང་སོང་བས། དེ་བཞིན་རྣམ་པ་སུ་ཡིན་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་བསྟན་དོན་སྤྱི་ལ་ལྷག་བསམ་དཀར་བའི་རྣམ་པ་ཚང་མས་མ་གོ་མ་ཐོས་མེད་པར་ཐེངས་འདིའི་ཚོགས་ཕེབས་ལ་སྐུ་ཚེགས་དང་དཀའ་ངལ་ལ་མི་འཛེམ་པར་ཅི་ནས་ཀྱང་བཀའ་དྲིན་གནང་ཐུབ་པའི་རེ་སྨོན་དུ།

ས་གནས་མདོ་སྨད་རྔ་བ་རྫོང་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ།
དུས་ཚོད་ད་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་༢༤ནས་ཉིན་གསུམ་གྱི་དུས་ཡུན།
འབྲེལ་གཏུགས་བྱེད་ས། དྲུང་ཆེ་གདོང་བཙུན་རྒྱ་ཐར། ཁ་པར། ༡༣༥༦༨༢༩༣༣༢༠ _༡༥༩༨༣༧༢༤༡༦༨
དྲུང་གཞོན་རྟོགས་ལྡན་བསྐལ་ཁོ། ཁ་པར། ༡༣༥༤༧༧༣༧༥༩༣

དྲུང་ཡིག་ཚོགས་ཆུང་ནས་སྤྱི་ལོའི་ ༢༠༡༢ ཟླ་ ༡༡ ཚེས་ ༤ ཉིན་སྙན་ཞུར་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག