ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> «མཚོ་མ་ཕམ»ཞེས་པའི་ལོ་དེབ་ཀྱི་རྩོམ་བརྡ།
«མཚོ་མ་ཕམ»ཞེས་པའི་ལོ་དེབ་ཀྱི་རྩོམ་བརྡ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཤེས་རབ་མཐར་ཕྱིན།] [ཟླ་ཚེས། 12-12-17] [ཀློག་གྲངས། ]

      བླ་མཚོ་མ་ཕམ་གཡུ་མཚོའི་དྭངས་གཙང་གི་རླབས་ཕྲེང་དང་འགྲོག་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་མངའ་པའི་འཛམ་གླིང་གང་སར་བཞུགས་པའི་སྨྱུག་ཐོག་པ་ཡོངས་ལ་ཞུ་དོན།
      ལར་ང་ཚོའི་རྩོམ་སྒྲིག་ཚོགས་ཆུང་ནི་ཐོས་བསམ་གྱི་བློ་སྟོབས་ཞན་ཞིང་ཀུན་མཐོང་གི་ཤེས་རྒྱ་ཆུང་ན་ཡང་བཅོས་མིན་ལྷག་བསམ་དཀར་པོ་ཞིག་གིས་ཀུན་ནས་བསླངས་སྟེ་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་མཐུན་འབྲེལ་གྱི་གཞི་འདིང་ས་ལྟ་བུའི་རེ་བ་བཅོལ་ནས། «མཚོ་མ་ཕམ»ཞེས་པའི་ལོ་དེབ་ཅིག་འགྲིམས་སྤེལ་བྱེད་ཀྱི་ཡོད་པས། དེའི་ནང་དུ་བན་ཆོས་དང་འབྲེལ་བའི་རྩོམ་རིག བོན་ཆོས་དང་འབྲེལ་བའི་རྩོམ་རིག བན་བོན་རིས་མེད་ཀྱི་རྩོམ་རིག གཞན་ལོ་རྒྱུས་དང་དཔྱད་རྩོམ་དམངས་ཁྲོད་རྩོམ་རིག་སོགས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གཙོ་བོའི་གླེང་སྟེགས་ཁག་བཞི་རུ་ཕྱེས་ཡོད། མདོར་ན་ཁྲིམས་དང་མཐུན་འབྲེལ་ལ་གནོད་པའི་རྩོམ་ཡིག་རྣམས་ཕུད། དེ་མིན་རྩོམ་ཡིག་ཀུན་འགོད་གང་ཐུབ་བྱེད་ཀྱི་ཡོད་པས་དེར་བརྟེན་སྤྱི་ལོ་༢༠༡༣.༡.༥ཚུན་ཆད་ཁྱེད་རྣམ་པས་རྩོམ་ཡིག་གང་མང་རོགས་རམ་ཡོད་པར་ཞུ་ཞུ། 
      སྦྲག་སྲིད་ཨང་གྲངས། ༨༥༢༡༠༠ 
      ས་གནས། བོད་ལྗོངས་ནག་ཆུ་ས་གནས་སྦྲ་ཆེན་རྫོང་ལྷ་ཞིང་གྲོང་བརྡར་སྤ་ཚང་དགོན་«མཚོ་མ་ཕམ»རྩོམ་སྒྲིག་ཁང་།
      གློག་རྡུལ་ཡིག་སྒམ། bacanggexi23@yahoo.cn
      གླེང་མོལ་ཨང་གྲངས། ༡༥༢༥༣༨༢༠༥༦
      འབྲེལ་བ་གནང་ཡུལ། ཤེས་རབ་མཐར་ཕྱིན།
       ཁ་པར་ཨང་གྲངས། ༡༨༧༩༨༩༦༩༨༩༦

བོད་ལྗོངས་སྦྲ་ཆེན་རྫོང་སྤ་ཚང་དགོན་«མཚོ་མ་ཕམ»རྩོམ་སྒྲིག་ཁང་ནས།
སྤྱི་ལོ་༢༠༡༢.༡༢.༡༢ཉིན་སྤེལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག