ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧ གཡུང་དྲུང་བཀོད་ལེགས་མཆོད་རྟེན་བཞི་བརྒྱ་ལྔ་བཅུ་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ།
༧ གཡུང་དྲུང་བཀོད་ལེགས་མཆོད་རྟེན་བཞི་བརྒྱ་ལྔ་བཅུ་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 13-01-04] [ཀློག་གྲངས། ]

མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་བྱང་བྱ་དུར་དགའ་མལ་དགོན་ཆེན་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི༼གཡུང་དྲུང་བཀོད་ལེགས་
མཆོད་རྟེན༽བཞི་བརྒྱ་ལྔ་བཅུ་ལེགས་གྲུབ་བྱུང་ནས་མངའ་དབུལ་
རབ་གནས་ཀྱི་མཛད་སྒོ་སྤེལ་བ།


དེ་ཡང་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེའི་བཀའ་དགོངས་གཞི་བཟུང་སྟེང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི༼གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽གི་དགེ་རྒན་ནོར་བུ་མཆོག་ནས་སྤྱི་ཡོངས་ཀྱི་གཙོ་འགན་བཞེས་ནས་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་གླིང་སྐོར་དུ་གཡུང་དྲུང་བོན་གྱི༼གཡུང་དྲུང་བཀོད་ལེགས་མཆོད་རྟེན༽བཞི་བརྒྱ་དང་ལྔ་བཅུ་ལེགས་གྲུབ་བྱུང་ནས་རབ་གནས་ཀྱི་མཛད་སྒོ་སྤེལ་བ་རེད།




རབ་གནས་ཀྱི་མཛད་སྒོའི་སྟེང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། སྐྱང་ཚང་དགོན་གྱི་དབུ་བླ་གཡུང་དྲུང་དགེ་ལེགས་མཐར་ཕྱིན་མཆོག་དང་། དེ་བཞིན་སློབ་གླིང་གི་དགེ་རྒན་ནོར་བུ་མཆོག དགེ་རྒན་དགེ་བཤེས་སྟག་ལའམ་ཤར་བ་བདེ་ལེགས་ཀུན་འབྱུང་། གཟི་རྩ་སྡེ་དགུའི་ཁོད་སྤུངས་དར་རྒྱས་དགོན་གྱི་བླ་མ་ཚེ་དབང་གཡུང་དྲུང་སོགས་གཙོས་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་སློབ་གཉེར་བ་ཡོངས་དང་། གཞན་ཡང་དགོན་ལག་བཅུ་གསུམ་མམ་དགོན་ཁག་ལྔའི་དབུ་བླ་དག་གདན་འདྲེན་ཞུས་པ་སྟེ་སྣང་ཞིག་དངུལ་སྐུ་དགོན་གྱི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། དགའ་མལ་དགོན་གྱི་ཁྱུང་ཚ་མཁྱེན་རབ་བརྩེ་ཆེན། བྲག་རྒན་བླ་མ་བསྟན་འཛིན་ཚུལ་རྒྱལ། ལྕགས་མདུད་དགོན་གྱི་བླ་མ་ཟླ་བ་རྒྱལ་མཚན། རིན་སྤུངས་དགོན་གྱི་བླ་མ་གཡུང་དྲུང་ཚུལ་ཁྲིམས། བྲག་གཡུང་དྲུང་དགོན་གྱི་བླ་མ་འབྲས་བུ་བོན་འཛིན་སོགས་གདན་འདྲེན་ཞུས་པ་རེད། དེ་བཞིན་མཆོད་རྟེན་རྣམས་ཀྱི་སྦྱིན་བདག་ཕོ་མོ་བརྒྱ་ཕྲག་ལྷག་ཕེབས་ནས་མངའ་དབུལ་རབ་གནས་ཀྱི་མཛད་སྒོ་སྤེལ་བའོ། །


ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དང་དགེ་རྒན་ནོར་བུ་མཆོག

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག