ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཐེངས་དང་བོའི་སྨན་སྒྲུབ་ཆེན་མོ་འཚོགས་པ།
༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཐེངས་དང་བོའི་སྨན་སྒྲུབ་ཆེན་མོ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 13-03-06] [ཀློག་གྲངས། ]

 མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཐེངས་དང་བོའི་ཁྲོ་བོ་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོ་འཚོགས་པ།

༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེན་ནས་དད་ལྡན་སེར་སྐྱ་དམངས་ཚོགས་ཆིག་ཁྲི་ལྷག་ལ་ཁྲོ་བོ་འོད་ཟེར་འཁྱིལ་བའི་བཀའ་དབང་བསྩལ་བཞིན་པ།

བཀའ་དབང་ཞུས་མཁན་གྱི་དད་ལྡན་དམངས་ཚོགས།

ཕྱི་རྟེན་སྐོས་ལྔས་བརྒྱན་པའི་སྒྲུབ་གྲྭ་ཁང་མདོ་སྔགས་བཤད་སྒྲུབ་གླིང་གི་ཚོགས་ཁང་།

བསྙེན་པའི་སྐོར་གྱི་མཆོད་རྫས།

སྨན་སྦྱོར་གནང་བཞིན་པ།


 



བླ་སྤྲུལ་གྲྭ་བཙུན་དག་སྨན་སྐོར་དུ་ཕེབས་བཞིན་པ།


༧ མཁན་སློབ་རྣམ་གཉིས་གཙོས་པའི་དགོན་ལག་ཁག་གི་བླ་སྤྲུལ་རྣམ་པ།

མདོ་སྨད་རྣལ་འབྱོར་བ་ཆེན་མོ་ལྷུན་གྲུབ་བསྟན་འཛིན།





བཀའ་དབང་ཞུས་བཞིན་པའི་དད་ལྡན་སེར་སྐྱའི་འདྲ་པར་ཁག་གཅིག



༧ བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་བོད་ཆུ་སྦྲུལ་ལོའི་དགུན་ཁའི་སྨོན་ལམ་ཆེན་མོ་འཚོགས་སྐབས་ཀྱི་གཏོར་རྒྱག་ཆེན་མོ།

མདོ་སྨད་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་བོད་ཆུ་སྦྲུལ་ལོའི་དགུན་ཁའི་སྨོན་ལམ་ཆེན་མོ་དང་འབྲེལ་ཏེ་ཐེངས་དང་བོའི་ཁྲོ་བོ་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོ་འཚོགས་པ་སྟེ། དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་ཆུ་སྦྲུལ་ལོའི་ཟླ་དང་བོའི་ཚེས་༡༥ཉིན་ནས་དབུ་བཟུང་སྟེ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་རྣམ་གཉིས་གཙོས་པའི་ནང་དགོན་ཁག་ལྔ་དང་ཕྱི་དགོན་ལག་བཅུ་གསུམ་བཅས་ཀྱི་བླ་སྤྲུལ་ཁག་དང་གྲྭ་ས་གོང་མའི་ཇི་བཞིན་ཨ་མཆོད་བཅུ་གཉིས་བཅས་ལྷན་འཛོམས་ཀྱིས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་ཁང་མདོ་སྔགས་བཤད་སྒྲུབ་གླིང་དུ་ཐེངས་དང་བོའི་ཁྲོ་བོ་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོའི་གཞུང་བསྲང་བ་དང་། གཞན་གྲྭ་མང་སུམ་བརྒྱ་ལྷག་གིས་འཚོགས་ཆེན་འདུ་ཁང་དུ་དུ་ཏྲི་སུའི་སྒྲུབ་པའི་གཞུང་བསྲང་ཞིང་། ཚེས་༢༤ཉིན་ལ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་དད་ལྡན་སེར་སྐྱ་དམངས་ཚོགས་ཆིག་ཁྲི་ལྷག་ལ་ཁྲོ་བོ་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོའི་བཀའ་དབང་བསྩལ་བ་སོགས་ཀྱི་གནས་བསྡུས་ཙམ་སྤེལ་བའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག