ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཐེངས་ལྔ་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ཀྱི་ཚོགས་འདུ་འཚོགས་པ།
ཐེངས་ལྔ་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ཀྱི་ཚོགས་འདུ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 13-03-07] [ཀློག་གྲངས། ]

༧ དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་ཐེངས་ལྔ་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ཀྱི་ཚོགས་འདུ་འཚོགས་པ།

ཐེངས་ལྔ་བའི་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་ཞུགས་པ་ལྷན་རྒྱས།

ཚོགས་གཙོ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་གསུང་བཤད་གནང་བཞིན་པ།

ཚོགས་འདུ་ཁང་།

ཚོགས་འདུ་ཁང་གི་ཟུར་ཞིག

མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་བཞིན་པ།

དེ་ཡང་བོད་ཆུ་སྦྲུལ་ལོའི་ཟླ་དང་བོའི་ཚེས་ཉེར་ལྔ་ཉིན་ཐེངས་ལྔ་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ཀྱི་ཚོགས་འདུ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་འཚོགས་པ་དང་། དེ་ལ་ཡང་ཟིང་ཆུ་རྫོང་དང་གཟི་རྩ་སྡེ་དགུ་རྫོང་། མཛོད་དགེ་རྫོང་བཅས་ཀྱི་དགོན་སྡེ་བཅོ་བརྒྱད་ཀྱི་མཁན་པོ་དང་བླ་མ། སྤྲུལ་སྐུ། དགེ་བཤེས། དགོན་སྡེ་ཁག་གི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་རྣམ་པ་དང་། དགེ་སྐོས། གྲྭ་བཙུན་བཅས་མི་སྣ་ལྔ་བཅུ་ལྷག་ལྷན་དུ་འཛོམས་པ་རེད། དེའི་སྐབས་སུ་བགྲོ་གླེང་ངམ་བསམ་འཆར་བསྡུ་ལེན་གནང་ཕྱོགས་ནི་གཙོ་བོ་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་བོད་ཆུ་སྦྲུལ་ལོར་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་ཐེངས་དང་བོའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་འཚོགས་རྒྱུ་སོགས་ཀྱི་ཐད་ལ་བཀོད་སྒྲིག་གི་གྲོས་བསྡུར་སོགས་གནང་བ་རེད། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག