ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> འོད་སྡེར༼དགོས་འབྱུང་ནོར་བུའི་མཆོད་སྤྲིན༽འགྲེམ་སྤེལ་གནང་བ།
འོད་སྡེར༼དགོས་འབྱུང་ནོར་བུའི་མཆོད་སྤྲིན༽འགྲེམ་སྤེལ་གནང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ལྗང་ཤེར་བསྟན།] [ཟླ་ཚེས། 13-03-18] [ཀློག་གྲངས། ]

   ༧ དཔལ་གཤེན་བསྟན་བྱ་ཟེ་ཡོངས་རྫོང་དགོན་ནམ་མི་ཡུལ་ལྷ་ཡི་ཕོ་བྲང་བྱ་ཟེ་མཐོང་སྨོན་དགའ་བ་ལྷ་རྩེའི་དབལ་ཁྱུང་ལྷུན་པོ་རྫོང་གི་གསས་ཁང་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་བའི་དགའ་སྤྲོའི་གླུ་དབྱངས་ཤིག་དང་།


སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་ལ་མཛད་རྗེས་བླ་ན་མཐོ་བའི་སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་བསྟན་འཛིན་སྐྱེས་བུ་རྣམས་ལ་ཡིད་རང་གི་མཆོད་སྤྲིན་ཞིག ཤ་རུས་དང་ལས་སྨོན་གྱིས་འབྲེལ་བའི་ཕུ་ནུ་སྤུན་ཟླ་ཡོངས་ལ་ལེགས་སྨོན་གྱི་འཚམ་འདྲི་ཞིག་གི་དོད་དུ་སྒང་པ་དམངས་ཁྲོད་དུ་རླུང་ལྟར་གྲགས་པའི་ན་གཞོན་གྱི་གླུ་བ་སྐོར་ཞིག་སྟེ།
ཤེར་བསྟན། དར་མཚོ། སྐལ་བཟང་ཡོན་ཏན། ཕུལ་བྱུང་སྒྲོན་མ། ཨ་མཆོག་བློ་བཟང་། ལྷ་ལུང་འཚོ། བཀྲ་ཤིས་རྒྱལ། བསམ་ཁོ། ཚེ་དབང་མཆོག་རྒྱལ། དཔལ་ཅན་ཆོས་འཚོ། བསོད་ནམས་ཡེ་ཤེས། སྒྲོན་པེ། བཀྲ་ཤིས། རྣམ་རྒྱལ་ཆོས་འཚོ། འཇའ་དགའ་བཅས་གདན་དྲངས་ཞུས་ཏེ། ཁོ་ཚོའི་ལྡེམ་མྱུར་ལུས་ཀྱི་མཛེས་སྡུག་དང་། སྙན་མོ་ངག་གི་དབྱངས་རྟ་ལས་དྲངས་པའི་༼དགོས་འབྱུང་ནོར་བུའི་མཆོད་སྤྲིན་༽ ཞེས་པའི་འོད་སྡེར་ཞིག་མི་འགྱང་བར་འགྲེམ་སྤེལ་བྱེད་རྒྱུ་ལགས་ན་ཁྱེད་རྣམས་ཀྱི་ཉན་པ་རྣ་བའི་བདུད་རྩི་དང་། ལྟ་བ་མིག་གི་ལོངས་སྤྱོད། ཐུགས་སེམས་གསོ་བའི་སྙིང་གཏམ་དུ་འགྱུར་བའི་བཀྲ་ཤིས་བདེ་ལེགས་ཞུ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག