ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> མཁས་དབང་མཁར་རྨེའུ་བསམ་གཏན་གྱི་བརྩམས་ཆོས་<<མདའ་དང་འཕང>>བོད་འགྱུར་མའི་ངོ་སྤྲོད།
མཁས་དབང་མཁར་རྨེའུ་བསམ་གཏན་གྱི་བརྩམས་ཆོས་<<མདའ་དང་འཕང>>བོད་འགྱུར་མའི་ངོ་སྤྲོད།
[རྩོམ་གྱི་ཡོང་ཁུངས། རེབ་གོང་བོན་མང་།] [རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན།] [ཟླ་ཚེས། 11-02-02] [ཀློག་གྲངས། ]



རྩོམ་པ་པོ། མཁར་རྨེའུ་བསམ་གཏན། ༼ཧྥ་རན་སི༽
བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།
ངོ་སྤྲོད།

རྒྱལ་སྤྱི་བོད་རིག་པའི་ཞིབ་དཔྱད་ཚོགས་པའི་ཚོགས་གཙོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གི་ལྗགས་རྩོམ«མདའ་དང་འཕང»ཞེས་པ་འདི་ནི་བོད་ཀྱི་ལོ་རྒྱུས་དང་། གཏམ་རྒྱུད། ཆོས་ལུགས་དད་མོས་དང་དེ་འབྲེལ་གྱི་ཆོ་ག བོད་ཀྱི་གསོ་བ་རིག་པ། འཛུགས་སྐྲུན་རིག་པ། བོན་གྱི་རིག་གནས་དང་འབྲེལ་བའི་གནད་དོན་སོགས་སྐོར་གྱི་དཔྱད་རྩོམ་སུམ་བཅུ་ལས་གྲུབ་པའི་དཔེ་དེབ་འགངས་ཆེན་ཞིག་ཡིན་ལ། བདེ་ཁང་བསོད་ནམས་ཆོས་རྒྱལ་ལགས་ནས་དབྱིན་ཇིའི་སྐད་ལས་བོད་ཡིག་ཏུ་བསྒྱུར་གནང་མཛད་པ་ཞིག་རེད།
འགྱུར་རྩོམ་འདིའི་རྩོམ་ལུས་དང་བརྗོད་བྱའི་ནང་དོན་གྱི་གོ་རིམ་སྒྲིག་སྟངས་ཐད་ནས་དབྱིན་སྐད་ཀྱི་འགྲོ་ལུགས་ཁྱད་ཆོས་དང་བསྟུན་གང་ཐུབ་བྱས་པ་མ་ཟད། དཔྱད་རྩོམ་གྱི་མཆན་འགྲེལ་དང་། ལུང་འདྲེན་སྟངས། མཚོན་རྟགས། དཔྱད་གཞིའི་ཡིག་རིགས་སྒྲིག་སྟངས་སོགས་གང་ཅིའི་ཐད་ཀྱི་ལེགས་ཆ་རྣམས་བསྡུས་ནས་རྒྱལ་སྤྱིའི་གོམས་སྲོལ་དང་མཐུན་གང་ཐུབ་བྱས་ཡོད་ལ། ཆབས་ཅིག་ཏུ་རྩོམ་ཡིག་རྣམས་བསྒྱུར་སྐབས་བོད་རང་གི་སྲོལ་རྒྱུན་གྱི་ཐ་སྙད་མིང་ཚིག་བེད་སྤྱོད་བྱེད་གང་ཐུབ་དང་། རྩོམ་པ་པོ་མཆོག་ནས་དབྱིན་ཡིག་ཐོག་ཕབ་སྒྱུར་མཛད་ནས་འཁོད་པའི་བོད་ཡིག་གི་མ་དཔེ་དང་འདྲེན་ཚིག་རྣམས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་ནས་བེད་སྤྱོད་བྱས་ཡོད།
དེབ་འདི་དཔར་བསྐྲུན་འགྲེམས་སྤེལ་བྱས་པ་འདིས། བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས། བོན་དང་འབྲེལ་བའི་ངོ་མཚར་ཆེ་བའི་གཏམ་རྒྱུད་སོགས་ལ་ཤེས་རྟོགས་དང་ཉམས་ཞིབ་བྱ་རྒྱུར་ཕན་རླབས་ཆེ་བ་མ་ཟད། ཁྱད་པར་དུ་བོད་རིག་པར་ཞིབ་འཇུག་གནང་མཁན་ཚོའི་ངོས་ནས་བརྗོད་ནའང་། ཁོང་ཚོར་དཔྱད་ཡིག་གསར་བ་ངོ་སྤྲོད་དང་། ཕྱི་རྒྱལ་གྱི་བོད་རིག་པར་ཞིབ་འཇུག་གནང་མཁན་ཚོའི་ལྟ་བ་མཚམས་སྦྱོར་དང་བློ་སྒོ་གསར་འབྱེད། རིག་ལམ་དཔྱད་ཐབས་ཀྱི་ཐབས་ཤེས་དང་རྩལ་ལག་སློབ་སྦྱོང་དང་ལག་ལེན། ལྷག་པར་དུ་ལུང་རིགས་གཉིས་ཀྱི་ཁུངས་ལ་བརྩོན་གཉེར་བྱེད་པའི་ཞིབ་འཇུག་རྩ་དོན་དང་རྣམ་འགྱུར་རང་ལུས་ལ་འཇགས་པ་བྱེད་རྒྱུ། དེ་བཞིན་ཞིབ་འཇུག་སྐབས་ཀྱི་ལྟ་སྤྱོད་ལེགས་བཅོས་བྱེད་རྒྱུ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་ངེས་ཡིན།

དཀར་ཆག
༼སྟོད་ཆ༽

སྡེ་ཚན་དང་པོ། ལོ་རྒྱུས་དང་གནའ་ཡིག་དཔྱད་བརྗོད།

༡ བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུས།
༢ ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་ལ་དཔྱད་པ།
༣ ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ལ་དཔྱད་པ།
༤ ཁྲོ་ཆེན་རྒྱལ་པོའི་བཀའ་རྒྱར་དཔྱད་པ།
༥ ཡུལ་སྐྱེ་རྒུ་མདོ་ན་མཆིས་པའི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བརྐོས་པའི་རྡོ་བརྐོས་ཡི་གེར་དཔྱད་པ།
སྡེ་ཚན་གཉིས་པ། རྫོགས་ཆེན་རྩ་འཚོལ།
༦ རྫོགས་ཆེན་གཞུང་ལུགས་ཀྱི་འབྱུང་འཕེལ་ལོ་རྒྱུས་འཚོལ་ཞིབ།
༧ དུས་རབས་བཅུ་བ་ནས་བཅུ་གསུམ་བར་གྱི་རྫོགས་པ་ཆེན་པོའི་གཞུང་གི་གནས་བབས་ལ་དཔྱད་པ།
༨ རྒྱལ་པོ་ཙ་ཡི་སྐོར་དང་གསང་སྔགས་རྡོ་རྗེ་ཐེག་པིའ་གཞུང་གི་འབྱུང་ཁུངས་ལ་དཔྱད་པ།
༩ ཏུན་ཧོང་གི་ཡིག་རྙིང་ནང་དུ་འཁོད་པའི་གནའ་བོའི་རྫོགས་ཆེན་གྱི་སྐོར་གླེང་བ།
སྡེ་ཚན་གསུམ་པ། བོན་ཆོས་མདོར་གླེང་།
༡༠ བོན་གྱི་ལོ་རྒྱུས་དང་། གྲུབ་མཐའ། ཆོ་ག་དང་གཏམ་རྒྱུད་སྐོར་རགས་ཙམ་གླེང་བ།
༡༡ བོད་བཙན་པོའི་སྐབས་སུ་བོན་ནི་ཆོས་ལུགས་ཤིག་ཡིན་པའི་སྒྲུབ་བྱེད་སྐོརརགས་ཙམ་གླེང་བ།
༡༢ ཕྱྭ་ཀེང་ཙེ་ལན་མེད་དང་ཁུང་ཙེའི་བར་གྱི་བགྲོ་གླེང་ལ་དཔྱད་པ།
༡༣ བོན་ལུགས་ཀྱི་འཆམ་གསུམ་སྐོར་གླེང་བ།
༡༤ བོད་མིའི་སྡོད་ཁང་གི་འཛུགས་སྐྲུན་ཇུས་བཀོད་སྐོར་གླེང་བ།
༡༥ དུས་རབས་བཅོ་བརྒྱད་པའི་ནང་ཐོན་པའི«གཟི་བརྗིད»ཀྱི་པར་ཤིང་གཉིས་སྐོར་གླེང་བ།
༡༦ ཀོང་པོ་བོན་རིའི་སྐོར་དང་དེ་རྒྱུད་ཀྱི་གནའ་བོའི་ས་མིང་འགའ་ཞིགལ་ལ་དཔྱད་པ།
༡༧ བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱུད་བཞི་དང་དེའི་སྐོར་གྱི་དཔྱད་བརྗོད།

༼སྨད་ཆ༽
སྡེ་ཚན་བཞི་བ། གཏམ་རྒྱུད་ཆོ་གའི་དཔྱད་ཞིབ།

༡༨ ཡར་ཀླུང་རྒྱལ་རབས་ཀྱི་འབྱུང་ཁུངས་སྐོར་གླེང་བ།
༡༩ བོད་མིའི་འབྱུང་ཁུངས་བརྗོད་པའི་གཏམ་རྒྱུད་སྐོར་གླེང་བ།
༢༠ ཅན་ལྔ་ཞེས་པའི་དཔེ་རྙིང་ལས་འཕྲོས་པའི་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་དང་འབྲེལ་བའི་གཏམ་རྒྱུད་སྐོར་ལ་དཔྱད་པ།
༢༡ བླ་དང་བླ་གཡུ་ཞེས་པ་དང་བོད་དུ་དར་བའི་བླ་བླུའི་ཆོ་གར་དཔྱད་པ།
༢༢ གླུད་ཅེས་པའི་ཐ་སྙད་དང་གླུད་གཏོང་གི་ཆོ་གའི་སྐོར་གླེང་བ།
༢༣ བོད་ཀྱི་ཡུལ་ལྷ་གསོལ་བ་དང་ཤུག་སབང་གཏོང་སྲོལ་སྐོར་གླེང་བ།
༢༤ བོད་ཀྱི་རླུང་རྟ་འཛུགས་པའི་སྲོལ་སྐོར་གླརང་བ།
༢༥ ཡུལ་ལྷ་དད་མོས་བྱེད་པའི་སྲོལ་དང་དེའི་ཆབ་སྲིད་ཀྱི་མཚོན་དོན་སྐོར་གླེང་བ།
༢༦ བོད་ཀྱི་ཡུལ་ལྷ་གསོལ་བ་དང་དེའི་མི་རིགས་ཁྱད་ཆོས་ལ་དཔྱད་པ།
༢༧ རྒྱལ་རོང་ཡུལ་གྱི་དམུ་རྡོ་རིའི་དད་མོས་སྐོར་གླེང་བ།
སྡེ་ཚན་ལྔ་བ། གེ་སར་རྒྱལ་པོའི་སྒྲུང་སྐོར་གླེང་བ།
༢༨ བོད་ཀྱི་གེ་སར་རྒྱལ་པོའི་སྒྲུང་སྐོར་གླེང་བ།
༢༩ གེ་སར་སྒྲུང་གི་རྩ་བའི་གྲུབ་གཞིའི་སྐོར་གླེང་བ།
༣༠ གླིང་གི་སྤྱི་ཚོགས་སྒྲིག་གཞི་དང་གེ་སར་སྒྲུང་ནང་གི་ཕུ་ནུ་ཞེས་པའི་ཐ་སྙད་ལ་དཔྱད་པ།

དཔྱད་གཞིའི་ཡིག་ཆ།

དཔྱད་རྩོམ་དང་ཡུལ་དུས་གང་དུ་པར་སྐྲུན་བྱས་ཚུལ་གསལ་བཤད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག