ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ཆོས་སྲིད་ཟུང་འབྲེལ་དང་དེའི་ལམ་ལུགས།
ཆོས་སྲིད་ཟུང་འབྲེལ་དང་དེའི་ལམ་ལུགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-03-17] [ཀློག་གྲངས། ]



༼ཆོས་སྲིད་ཟུང་འབྲེལ་དང་དེའི་ལམ་ལུགས།༽

ཁོང་གི་བརྩམས་ཆོས༼ཆོས་སྲིད་ཟུང་འབྲེལ་དང་དེའི་ལམ་ལུགས་༽ཀྱི་དཀར་ཆག་གཟིགས་འདོད་མཁན་དག་གིས་འདིར་སྣོན་དང་།  ཐོག་མའི་མགྲིན་བརྡ་གཟིགས་འདོད་ན་འདིར་སྣོན་དང་།  ནང་དོན་ཆ་ཚང་གཟིགས་འདོད་ན་འདིར་སྣོན་རོགས།


རྩོམ་པ་པོའི་ཉེ་པར།

རྩོམ་པ་པོ་དགེ་བཤེས་སྨར་བསྟན་འཛིན་རྣམ་རྒྱལ་ནི། རང་ལོ་བཅུ་གསུམ་སྟེ་༡༩༨༧ལོར་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་དུ་བཞུགས་ཏེ་ཡི་གེ་འབྲི་ཀློག་དང་འབུད་རྡུང་དཀྲོལ་གསུམ་སོགས་རིམ་པར་སྦྱངས། ༡༩༩༣ལོ་ནས་སྣང་དགོན་བོན་བསྟན་སློབ་གླིང་དུ་བཞུགས་ཤིང་། མཚན་ཉིད་རིག་པའི་སྐོར་ལ་སྦྱང་བརྩོན་ལྷོད་མེད་མཛད། ༡༩༩༨ནས་སྣང་ཞིག་དགོན་ཆེན་གྱི་དམའ་རིམ་སློབ་གླིང་གི་དགེ་རྒན་བྱས་ཏེ་སྡུད་རྟགས་ཚད་གསུམ་སོགས་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མཁས་པའི་བྱ་བ་དོན་དུ་བླངས། ༢༠༠༢ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་དུ་བཞུགས་པར་མ་ཟད། མཚན་ལྡན་མང་བོའི་གདམས་ངག་ཁད་ཀྱིས་ཉན་ཏེ་མདོ་སྔགས་རྫོགས་གསུམ་སོགས་རིག་པའི་གནས་ཀུན་ལ་སྦྱངས་འབྲས་ལེགས་པོར་ཐོན། ༢༠༠༨ལོར་མ་རྒྱུད་སངས་རྒྱས་རྒྱུད་གསུམ་སོགས་མཁས་པ་སྔར་རབས་པའི་གཞུང་ལུགས་མང་བོ་པར་བསྐྲུན་ཞུས་དག་པའི་འགན་བསྐུར། ༢༠༡༠ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་མཐར་ཕྱིན་དཔང་ཡིག་དང་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་དངོས་སུ་ཐོབ། ད་ལྟ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྒྱ་ཡིག་གཙོར་བྱས་པའི་མཚན་ཉིད་རིག་གནས་སོགས་ལ་སླར་སྦྱང་བྱེད་བཞིན་འདུག
ཁོང་གིས་མཛད་པའི་མཚན་ཉིད་རིག་གནས་སྐོར་དང་། གཞན་སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་གཡུང་དྲུང་གི་བོན་ཡོད་ཚུལ་དང་། ཤཱཀྱ་ཐུབ་པའི་སྔོན་དུ་དམ་པའི་ཆོས་ཡོད་ཚུལ་སྐོར་གྱི་དཔྱད་རྩོམ་འགའ་ཡོད་ལ་མི་འགྱང་བར་པར་དུ་བསྐྲུན་རྩིས་ཡོད། ད་ལྟ་དངོས་སུ་པར་བསྐྲུན་བྱས་པའི་༼ཆོས་སྲིད་ཟུང་འབྲེལ་དང་དེའི་ལམ་ལུགས།༽ལ་སོགས་བརྩམས་ཆོས་དུ་མ་ཞིག་མཆིས། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག