ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ༢༠༡༡ལོའི༼ཁྱུང་ཆེན་རིག་པའི་གཤོག་རླབས།༽
༢༠༡༡ལོའི༼ཁྱུང་ཆེན་རིག་པའི་གཤོག་རླབས།༽
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དབྲ་ཁྱུང་མཁྱེན་རབ།] [ཟླ་ཚེས། 11-03-21] [ཀློག་གྲངས། ]


༧ ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་གཙོ་གཉེར་རིག་གཞུང་ལོ་དེབ། ༢༠༡༡ལོའི་ཁྱུང་ཆེན་རིག་པའི་གཤོག་རླབས།

༢༠༡༡ལོའི་དེབ་ཀྱི་མདུན་ངོས།

མདུན་ངོས་ནང་མ།

རྒྱབ་ཤོག་ནང་མ།

རྒྱབ་ངོས།

སྨན་རིའི་དགེ་བཤེས་ཁྱུང་དཀར་ཟླ་བ་བསྟན་འཛིན་ལགས་ཀྱི་རྗེས་དྲན་དད་པའི་མིག་ཆུའི་པར་རིས།


དཀར་ཆག

རྩོམ་སྒྲིག་པའི་གླེང་གཏམ།

༧སྤྱིར་ལས་དང་སྨོན་ལམ་གྱིས་གྲུབ་པའི་ཐོ་སྒང་གིར་ཡུལ་གྲུ་འདིར་འཚར་ལོང་བྱུང་བའི་ཡབ་མེས་ཀྱི་ཤེས་རིག་སྟེ། དྲང་བདེན་གྱི་དཔའ་བོ་ཞིག་ཡིན་ཡང་སྔར་ནས་ད་བར་དཀའ་སྡུག་གིས་ཆག་གྲུམ་བཟོས་ཤིང་བརྡུང་བརྡེག་གིས་གསོད་རྨས་བྱས་པའི་དཔའ་བོ་ལ། དེང་འོ་རྒྱལ་དང་ཨ་ལེན་སྟེར་མཁན་ང་ཚོ་སྒང་བ་པར་བརྒྱ་ཆ་བཅུ་ཙམ་ལོང་གིན་མི་འདུག ཡིན་ན་ཡང་ད་དུང་འཇིག་རྟེན་འདིར་ཁོང་གསོན་ཐུབ་མིན་ཆ་མ་འཚལ། བྱེ་བྲག་ཏུ་སུམ་པ་གླང་གི་གྱིམ་ཤོད་རྔུལ་རྫ་ཟལ་མོའི་སྒང་རྒྱུད་འདིར་ཡུན་ནས་ཡུན་དུ་དར་ཞིང་དབུས་ནས་མཐའ་རུ་ཁྱབ་པའི་ཡབ་མེས་ཀྱི་ཤེས་རིག་སྟེ། རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་རིག་གནས་ཀྱི་མ་ལག་ཆ་ཚང་ཞིང་གསོན་ཉམས་དོད་པ་ཞིག་ད་ལྟའི་དུས་རབས་ཞེས་པ་དང་སྤྱི་ལོའི་ཡར་སྔོན་ཞང་ཞུང་རྒྱལ་པོའི་མངའ་རིས་སམ་ཞུང་ཞུང་སྒོ་པ་ཞེས་དབུ་བརྙེས་པ་ནས་ཡོད་ལ། དུས་མཚུངས་སུ་སྟོང་པ་སུམ་སྦྱོར་གྱི་ཉམས་ལེན་ལ་བྱང་ཆུབ་ཅིང་འབྱུང་བཞིར་རང་དབང་ཐོབ་པའི་གྲུབ་ཆེན་བརྒྱད་ཅུ་སོགས་ཡོད་པ་མ་ཟད་དེ་དག་གི་ཕྱག་རྗེས་སྐུ་རྗེས་ཀྱང་དེང་རང་རེ་ཚོས་སྤྱོད་ཡུལ་དུ་གྱུར་ནའང་། བསྐལ་པའི་ཆགས་འཇིག་དུས་ཀྱི་འཕོ་འགྱུར་ལ་ལྡོག་ཐབས་མེད་པས། སེམས་དང་བསམ་པ་ལ་ཅིའི་ཕྱིར་འགྱུར་ལྡོག་མེད། དེས་ན་གནས་འདིར་མི་ལོ་ལྔ་བརྒྱའི་ཡས་མས་ནས་རྟེན་གསུམ་བཤིག་གཏོར་དང་སྐུ་གདུང་རྩ་མེད་གསུངས་པོད་གད་སྙིགས་བླ་མ་བྲན་གཡོག་གི་ལམ་ལུགས་རྒྱུད་ནས་འོང་ཡོད་པ་གོར་མ་ཆག ཡིན་ན་ཡང་དོན་རྐྱེན་དེ་དག་གི་ཤུལ་དུ་ལུས་པའི་རིག་གནས་ཐོར་བུ་འདི་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་ཡོང་ཕྱིར་ངེད་རྩོམ་སྒྲིག་པས༼ཁྱུང་ཆེན་རིག་པའི་གཤོག་རླབས༽ཞེས་པ་ཞིག་གོང་མའི་སློབ་སྟོན་དང་། གཞན་གྱི་སྐུལ་ལྕག་ལ་བརྟེན་ནས་པར་བསྐྲུན་ཐེངས་གཉིས་བདེ་བླག་ངང་མཇུག་གྲུབ་པ་མ་ཟད། ད་རེས་འདོན་ཐེངས་གསུམ་པའི་རྒྱུ་རྐྱེན་ཡོད་ཚད་ཕུན་སུམས་ཚོགས་ཀྱང་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་གསལ་བཤད་བྱེད་དགོས་པ་ཞིག་ལ། ལོ་དེབ་འདི་ཚན་པ་དྲུག་གི་བདག་ཉིད་ཅན་ཞིག་ཡིན་ཏེ། ལོ་རྒྱུས་གཏེར་ཆུའི་གཞུར་རྒྱུན། བསླབ་བྱ་འཚོ་བའི་ལམ་སྒྲོན། དཔྱད་གཏམ་རིག་པའི་གསང་ཚིག། འབེལ་འཆིད་ཤེས་བྱའི་དགའ་ཚལ། སྙན་ཚིག་འཕར་ཆེན་གསུང་དབྱུང་། གནས་ཚུལ་སྤུ་ཐོག་མཚོ་རླབས། བཅས་བཤད་ཀྱང་དེ་ཁོ་ནའི་ཁ་ཚོན་ཆོད་པ་ཞིག་ག་ལ་ཡིན། ད་དུང་སྒྲུང་ལྡེའུ་ཁ་འཚར་སོགས་ཡོད་ཀྱང་རུང་། དེས་མ་ཚད་ད་རེས་སྙན་ཚིག་འཕར་ཆེན་གསུངས་དབྱངས་ཞེས་པ་འདི་རྒན་ཁྱུང་དཀར་དགེ་བཤེས་༧ཟླ་བ་བསྟན་འཛིན་ལགས་སྐུ་གཤེགས་པའི་རྗེས་དྲན་དུ་བསྒྱུར་བ་ཡིན་སྟབས་སྙན་རྩོམ་དང་དཔྱད་རྩོམ་ཁ་ཤས་ཤིག་ལག་བསྟར་མ་ཐུབ་ཀྱང་། རྗེས་མའི་ལོ་དེབ་ནང་གདམ་སྒྲུག་བྱེད་ནས་འགོད་རྒྱུ་ཡིན་པས་དེ་ལུགས་དགོངས་འགལ་མེད་པ་མི་ཞུ་ཁ་མེད་བྱུང་སོང་། སླད་མར་རྩོམ་པ་པོ་རྣམས་ཀྱིས་ཐུགས་ལ་འཇོག་དགོས་པ་ཞིག་ནི། ཡིག་གཟུགས་དབུ་ཅན་གྱི་ལམ་ནས་ལྷ་ཆོས་རིག་གནས་དང་མི་ཆོས་རིག་གནས་སམ། ཡང་ན་ལུགས་གཉིས་ཀྱི་རྣམ་བཞག་ལས་མ་འདས་པ་དཔྱད་རྩོམ་སྙན་རྩོམ་ལྷུག་རྩོམ་གང་ཡིན་ཀྱང་རུང་དུས་དེབ་གཞན་ནས་བརྐུས་བཤུས་མིན་པའི་ཐོག རང་རྩོམ་ངོ་མ་ཞིག་འདི་གའི་རྩོམ་སྒྲིག་ཁང་དུ་དུས་ཐོག་ཏུ་བསྐུར་གནང་ཡོད་པར་མཁྱེན་མཁྱེན་ཞུ།

༼ཁྱུང་ཆེན་རིག་པའི་གཤོག་རླབས༽རྩོམ་སྒྲིག་ཁང་ནས།  སྤྱི་ལོ་༢༠༡༡ལོའི་ཟླ་༡ཚེས་༩ཉིན།
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག