ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ཀླུ་ཕུག་དགོན་པའི་ལོ་དེབ༼གངས་ལྗོངས་ཤེས་རིག༽
ཀླུ་ཕུག་དགོན་པའི་ལོ་དེབ༼གངས་ལྗོངས་ཤེས་རིག༽
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-10-20] [ཀློག་གྲངས། ]


གླེང་གཞི།

      བོན་སྟོན་གཤེན་རབ་ཀྱི་ནས། “གང་དག་བཀའ་ལས་བྱུང་གྱུར་པ། དེ་དག་རིག་པས་གཞལ་མིན་ན། སྙིང་པོའི་དོན་ཐོབ་མི་འགྱུར་ཏེ། དེ་ཕྱིར་རིག་གཞལ་དོན་ཡོད་བྱ།”ཞེས་དང༌། “རིག་པའི་གནས་ལྔ་ དག་ལ་མ་མཁས་ན། རྒྱལ་སྲས་ཡིན་ཀྱང་ཐམས་ཅད་མཁྱེན་མི་འགྱུར།”ཞེས་གསུངས་པ་ལྟར། རྒྱལ་བའི་བཀའ་དྲི་མ་མེད་པ་འདི་ཉིད་དད་གུས་མོས་པའི་རྟེན་ཙམ་དུ་བྱས་ན་ཡང་དག་པའི་འབྲས་བུ་འབྱུང་མི་ཐུབས་པས། བོན་སྒོར་ཞུགས་ནས་འཁོར་བ་རྒྱབ་ཏུ་སྐྱུར་ཐར་པ་དོན་དུ་ལེན་མཁན་རྣམས་ ཀྱིས་ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་ལ་བརྟེན་ནས་གཞུང་དོན་ཉམས་སུ་ལེན་དགོས་པ་ལྟ་ཅི། གཞན་ཡང་ཚེ་འདི་ཡི་དོན་ཁོ་ན་ཡིད་ལ་བྱེད་པ་རྣམས་ཀྱང་འཇིག་རྟེན་མི་གྲལ་དུ་ཚུད། ལྟོ་གོས་གཏམ་གསུམ་འཛོམས། འཁོར་སྐྱོང་ཆབ་སྲིད་འཛིན། ཆགས་སྡང་འཐབ་རྩོད་བྱེད། རང་རྒྱལ་གཞན་ ཕམ་སྒྲུབ། ཆེ་སྙན་གྲགས་པས་མཛེས་པར་བྱེད་དགོས་ནའང་ཤེས་བྱ་རིག་པའི་གནས་ལ་མ་རྨོངས་པའི་བློ་གྲོས་ལྡན་དགོས་པ་ནི། “ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་ལ”གས་པས་མྱུ་གུ་གསར་པ་ལྟར་ཁ་འབུས་བཞིན་པའི་ན་གཞོན་ཡར་ཚར་རྣམས་ཀྱིས་རང་དགོས་ཀྱི་འགན་འཁྲི་ཤེས་བྱ་རིག་པའི་གནས་ལ་འབད་རྒྱུ་དེ་མདུན་ལམ་ཡིན་ལ། སྲོལ་རྒྱུན་གྱི་རིག་གཞུང་ཁྲེལ་དང་ངོ་ཚ་བསྲུང་རྒྱུ་ནི་ལ་རྒྱ་ཡིན། ནང་བསྟན་གྱི་སྙིང་པོ་ལས་དང་རྒྱུ་འབྲས་བརྩི་རྒྱུ་ནི་སྲོག་རྩ་ཡིན་པར་བརྟེན། 《གངས་ལྗོངས་ཤེས་རིག》ཅེས་པའི་ལོ་དེབ་འདི་ཡི་ནང་དུ། བསླབ་བྱ། ནང་བསྟན། ལོ་རྒྱུས། རིག་གནས། དཔྱད་གཏམ། སྙན་ངག སྲོལ་རྒྱུན། གསར་གནས་བཅས་སྡེ་ཚན་བརྒྱད་ལས་གྲུབ་པ་ཞིག་ཁོ་འདོན་བྱས་པ་ནི། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་འབྲེལ། རིག་གནས་དར་སྤེལ། སྤྱོད་བཟང་རྒྱུན་ཆགས་དང༌། སློབ་སྦྱོང་བསྐུལ་འདེད་བཅས་ཡོང་བའི་རེ་སྨོན་གྱིས་བགྱིས་པ་ལགས། དེབ་འདི་ཡི་ནང་དུ་མ་འདང་བའི་ཆ་དུ་མ་ཡོད་པ་བཤད་མ་དགོས་པས་མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱིས་ལེགས་ཉེས་བླང་དོར་འབྱེད་པའི་བཀའ་སློབ་མང་ཙམ་གནང་བའི་འབོད་བསྐུལ་ཞུ་རྒྱུ་ལགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག