ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> 2011ལོའི«དཔྱོད་ལྡན་མཆོད་པའི་མེ་ཏོག»གསར་ཐོན།
2011ལོའི«དཔྱོད་ལྡན་མཆོད་པའི་མེ་ཏོག»གསར་ཐོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 12-01-08] [ཀློག་གྲངས། ]

གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ«དཔྱོད་ལྡན་མཆོད་པའི་མེ་ཏོག»
2011ལོའི་སྤྱི་དེབ་བརྒྱད་པ་དངོས་སུ་འགྲེམ་སྤེལ་བྱས་པ།


«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་ཕྱི་ཤོག

«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་ནང་ཤོག

«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་བར་བཅུག་དང་པོ།

«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་བར་བཅུག་གཉིས་པ།

«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་བར་བཅུག་གསམ་པ།

«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་མཇུག་གི་ཚོན་ལྡན།

«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་དཀར་ཆག

«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་དཀར་ཆག

      འདིར་ཀློག་མཁན་དག་ལ་ཆེད་དམིགས་ཀྱིས་ཞུ་དགོས་པ་ཞིག་ནི།
      མདོ་སྨད་བྱང་རྒྱུད་ཀྱི་རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་སྤེལ་བའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ་«དཔྱོད་ལྡན་མཆོད་པའི་མེ་ཏོག»ཅེས་པའི་ལོ་དེབ་འདི། གཅིག་ནས་གཡུང་དྲུང་བོན་གྱི་བྱུང་བ་ངོ་སྤྲོད་གཞིར་བྱས་ཐོག་ཆོས་གྲུབ་ཁག་ལ་ཕན་ཚུན་རྒྱུས་ལོན་བྱེད་ཆེད་དང༌། གཉིས་ནས་ཡ་ཐོག་ཤེས་རིག་གི་བྱུང་འཕེལ་ཞིབ་འཇུག་དོན་གཉེར་ཅན་ལ་ངེས་ཤེས་ཡང་དག་འདྲོངས་ཆེད། གསུམ་ནས་འཆད་རྩོད་རྩོམ་གསུམ་ལས་རྩོམ་པའི་བསྟན་པ་མཁའ་རུ་འདེགས་ཆེད་སོགས་ལ་དམིགས་ཏེ་གཙོ་སྒྲུབ་གནང་བ་ཡིན། འདིར་ཡང༌། དུས་དང་རྣམ་པ་ཀུན་ཏུ་རྩོམ་པ་པོ་དང་སྦྱིན་བདག་ཁག་ཅིག་གི་མཐུན་རྐྱེན་དང་རོགས་སྒྲུབ་ལ་བརྟེན་ནས། དུངས་ཞེན་གྱི་མིག་ཟུང་རེ་བའི་ཀློག་པ་པོ་རྣམས་ཀྱི་ཐུགས་རེ་མ་སྟོངས་ཙམ་དང་གཤེན་བསྟན་རིན་པོ་ཆེར་སྲི་ཞུའི་དོད་ཙམ་དུ་སྔར་བཞིན་མིག་གི་དགའ་སྟོན་དུ་ཅི་དགར་སྩོལ་ཐུབ་པ་བྱུང༌། ཡིན་ཡང་པར་ངོས་ཚད་བཀག་གི་དབང་གིས་རྩོམ་ཡིག་ཁག་ཅིག་འགོད་ཐུབ་མ་བྱུང་བ་དང་རེ་གཉིས་འབྱོར་སྔ་རྐྱེན་ཧི་བོན་དྲ་ཚིགས་སུ་སྤེལ་བ་ཡིན་པས་དེ་བཞིན་རྩོམ་མཁན་དང་ཀློག་མཁན་རྣམས་ལ་ཆེད་དམིགས་ཀྱིས་དགོངས་དག་ཞུ། མ་འོངས་པའི་ཆར་ཡང་གཏོང་ཕོད་ཅན་གྱི་སྦྱིན་བདག་ཚོགས་དང༌། རྩོམ་མཁན། ཀློག་མཁན་གང་གི་སྐུ་ཚེ་དགེ་ཞིང་བྱ་བཞག་བགྱི་བ་ཐམས་ཅད་ཡར་ཟླའི་དཔལ་ལ་འགྲན་པའི་སྨོན་འདུན་ཞུ།
      འདིར་དེང་རབས་བརྡ་འཕྲིན་གྱི་ཁྱད་ནུས་ལ་བརྟེན་ནས་རྒྱལ་ཕྱི་ནང་གི་ཀློག་མཁན་ཡོངས་ལ་གཟིགས་བདེ་བ་དང་སྤྱོད་བདེ་བའི་ཆེད་དུ་«དཔྱོད་ལྡན་མཆོད་པའི་མེ་ཏོག»གི་གཞུང་ཆ་ཚང་ཕབ་ལེན་བྱས་ཆོག་པ་ཞིག་ཉིན་འགའི་རྗེས་ནས་བརྒྱུད་འགོད་བྱེད་རྒྱུ་ཡིན་སྟབས། ཀློག་མཁན་དག་གིས་ཀྱང་རེས་སུ་མི་འགྲོ་བར་མ་འོངས་པའི་ཁ་ཕྱོགས་དང་སྒྲུབ་ལུགས་ཐད་ནས་དགེ་སྐྱོན་གྱི་ཆ་ཅི་རིགས་གླེང་བའི་རེ་བ་ཡོད།  བཀའ་དྲིན་ཆེ།

ཞེས་གཙོ་སྒྲིག་པས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག