ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> 2011ལོའི༼ཞང་བོད་མེས་པོའི་འོད་ཟེར༽འགྲེམ་སྤེལ་བྱས་པ།
2011ལོའི༼ཞང་བོད་མེས་པོའི་འོད་ཟེར༽འགྲེམ་སྤེལ་བྱས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ལྗང་ཤེར་བསྟན།] [ཟླ་ཚེས། 12-01-14] [ཀློག་གྲངས། ]

ཞང་ཞུང་སྒོ་བའི་འདུས་སྡེ་ཁྱུང་བོ་རི་བོ་རྩེ་དྲུག་དགོན་གྱི་ཆེད་གཉེར་ལོ་དེབ《ཞང་བོད་མེས་པོའི་འོད་ཟེར》༢༠༡༡ལོའི་དེབ་འགྲེམ་སྤེལ་བྱས་པ།
སྤྱིའི་དེབ་གྲངས་གསུམ་པ།

མདུན་རྒྱབ་གཉིས་ཀྱི་པར་རིས།

དཀར་ཆག་དང་བོ།

དཀར་ཆག་གཉིས་པ།

ནང་ངོས་གཉིས་ཀྱི་པར་རིས།

སྔོན་གླེང་། 

    ༧ ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱིས་ཆེད་གཉེར་རིག་གཞུང་ལོ་དེབ《ཞང་བོད་མེས་པོའི་འོད་ཟེར》གྱི་གླེང་སྟེགས་འདིས་བདེ་དོན་སྙིང་ཉེའི་སློབ་གསོ་དང་། རིང་བའི་དངོས་བྱུང་ལོ་རྒྱུས། གསར་ཞིབ་རིག་པའི་དཔྱད་གཏམ། ལྔ་རིག་ཤེས་བྱའི་ལམ་སྒྲོན། སྙན་ཚིག་ངག་གི་རོལ་རྩེད། དགོས་ངེས་གསལ་བསྒྲག་གི་གནས་བསྡུས་བཅས་རྩ་སྒྲོམ་དྲུག་གི་ལམ་ནས་ཁྱེད་ལ་ཞང་བོད་ཀྱི་ཆོས་དང་རིག་གཞུང་། གནས་དགོན། ཡུལ་སྲོལ་ཁག་གང་ལྕོག་ཅིག་ངོ་སྤྲོད་དང་མཁོ་འདོན་ཞུས་དང་ཞུ་མུས་སུ།
   ད་ལན་ཡང་རིགས་མཐུན་གྱི་སྨྱུག་མཆེད་སྐོར་ཞིག་གིས་རྒྱབ་སྐྱོར་དང་བཀའ་དྲིན་འོག《ཞང་བོད་མེས་པོའི་འོད་ཟེར།》འདོན་ཐེངས་གསུམ་པ་འདི་ཀློག་མཁན་རྣམ་པའི་སྤྱན་ལམ་དུ་བཤམས་ཐུབ་པ་བྱུང་སོང་། འོན་ཀྱང་རྩོམ་ཡིག་ཁག་ཅིག་དུས་ཐོག་ཏུ་མ་འབྱོར་བར་ཅུང་ཕྱི་དྲགས་པའི་རྐྱེན་གྱིས་འགོད་ཐབས་མ་སོང་ཡང་རྗེས་སུ་འགོད་འཆར་ཡོད་པས་དགོངས་འགལ་མེད་པར་ཞུ་རྒྱུ་དང་། སླད་མར་དེ་དང་འདི་ལྟ་བུའི་ལས་ཀར་ཡིད་རངས་ཤིང་། ཁ་ཕྱོགས་གཅིག་པའི་སྐྱ་སེར། ཕོ་མོ། ཕྱུག་དབུལ་གྱིས་རིས་སུ་མ་ཆད་པའི་སྨྱུག་ཐོགས་རྣམ་པའི་སྡོང་གྲོགས་གང་མང་གནང་བར་རེ་སྒུག་ཞུ་བཞིན་ཡོད།
   ལས་ཀ་འདི་རྣམ་དཀར་དགེ་ལས་ཤིག་དང་། བསྟན་པའི་སྲི་ཞུ་ཞིག་ཏུ་ངོས་འཛིན་ཐུབ་པའི་ནར་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་དབུ་བླ་དབྲ་ཁྱུང་རྣམ་སྲས་ནོར་བུ་མཆོག་གིས་ཀྲུང་སྒོར་༣༥༠དང་། རྩེ་དགོན་སྤྱི་གཉེར་སྐར་མ་འོད་ཟེར་ནས་ཀྲུང་སྒོར་༥༠༠ གནང་སྦྱིན་བྱུང་བས་སྐུ་དྲིན་ཆེ་སོང་ཞུ་རྒྱུ་དང་། འབྲེལ་ཡོད་རྣམས་ཁ་ལས་དབང་ཀླུང་དར་ཞིང་། བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག