ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> 2012ལོའི་༼ཁྱུང་ཆེན་རིག་པའི་གཤོག་རླབས༽འགྲེམ་སྤེལ་བྱས་པ།
2012ལོའི་༼ཁྱུང་ཆེན་རིག་པའི་གཤོག་རླབས༽འགྲེམ་སྤེལ་བྱས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-01-19] [ཀློག་གྲངས། ]

ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་གཙོ་གཉེར་རིག་གཞུང་ལོ་དེབ་༼ཁྱུང་ཆེན་རིག་པའི་གཤོག་རླབས༽༢༠༡༢ལོའི་དེབ་འགྲེམ་སྤེལ་བྱས་པ།
སྤྱིའི་དེབ་གྲངས་བཞི་བ།

མདུན་རྒྱབ་ངོས་གཉིས་ཀྱི་པར་རིས།

ནང་བཅུག་པར་རིས།

ནང་བཅུག་པར་རིས།

དཀར་ཆག་དང་བོ།

དཀར་ཆག་གཉིས་པ།

དཀར་ཆག་གསུམ་པ།

དཀར་ཆག་བཞི་བ།

ནང་ངོས་གཉིས་ཀྱི་པར་རིས།
ཐོག་མའི་སྐད་ཆ།

   དེ་ཡང་མི་ཡི་རིགས་ཀྱི་རྐང་རྗེས་འཛིན་མའི་ཕང་བར་བཏབ་པ་ནས་བཟུང་། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ཀྱིས་རིགས་སོ་སོར་བཀར་ཞིང་། དེ་དག་གིས་ཕྱེས་པའི་རིགས་སོ་སོའི་ཐུན་མང་དང་ཐུན་མིན་གྱི་རིགས་དུ་མ་ཞིག་གིས་རང་མི་རིགས་ཀྱི་ཚེ་སྲོག་གི་རྒྱུ་བ་ཟབ་མོ་མུ་ཆགས་སུ་དྲངས་ཤིང་། ཕན་བདེའི་ལམ་བུ་ཡངས་པོར་སྟོན་བཞིན་པ་ནི་རིག་གནས་ཀྱི་རིན་ཐང་བླ་ན་མེད་པ་ཞིག་ཡིན། འོ་ཅག་སྒང་པ་བོད་ལ་མཚོན་ན་བཅུ་ཕྲག་རིག་པའི་གནས་ཆེན་དག་གིས་མཐོ་སྒང་འདིར་འཚོ་ཞིང་གནས་པའི་ཕ་གཞིས་དྲོད་མོ་ཞིག་བཙུག་ཅིང་སྐྱོང་བཞིན་ཡོད་པ་ནི་སྨོས་སུ་མེད་ལ། རང་མི་རིགས་ཀྱི་ཡི་གེ་ནི་འཛམ་གླིང་གི་ཡིག་རིགས་གཉིས་པའི་ཐོག་ཏུ་སླེབ་ཡོད་ཅེས་ཕྱོགས་བཅུ་ན་སྙན་པའི་གྲགས་དཀར་གཡོ་བའི་ཆར། དེ་དང་དེ་བཞིན་གྱི་བོད་ཀྱི་རིག་གནས་དུ་མ་ཞིག་བག་ལ་ཞ་ཞིང་། ཀུན་གྱིས་མཐོང་ཐོས་སུ་མ་གྱུར་པ་ནི་བགྲང་གིས་མི་ལང་པ་ཡོད་ནའང་། མི་རིགས་སོ་སོའི་རིག་གནས་རང་རང་གིས་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུའི་ལས་འགན་འོག་ཏུ། དུས་རབས་ཀྱིས་འོ་ཅག་ལ་འཁྲབ་པའི་སྤྲེའུ་ལད་དག་གིས་མི་རིགས་རང་གི་རིག་གནས་ཀྱི་རིན་ཐང་དང་། མི་རིགས་ཀྱི་ཁྱད་ཆོས་སོགས་སྣང་མེད་དུ་བཞག་སྟེ། གྱི་ནར་གནས་པའམ། གཞན་གྱི་རིག་གནས་ཁོ་ན་ལ་འགྲམ་ཆུ་ལྡང་ནས་སྡོད་པ་ནི་སྐྱོ་བའི་གནས་སུ་ངེས་པས་ན། ངེད་ཁྱུང་གཤོག་རྩོམ་སྒྲིག་ཁང་ནས་ཀྱང་། ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་སུ་རློམས་ནས། སླར་ཡང་ལོ་དེབ་བཞི་པ་དེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བ་ལགས་ཤིང་། འདིར་གངས་ཅན་ཁ་བའི་འཛིན་མ་ན་སྒྲས་པོ་ཞིག་གི་གོ་གནས་སུ་འགྲེང་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས་དང་། མི་རིགས་རིག་གནས་ཀྱི་དགེ་མཚན་མཁའ་ལ་སྒྲེང་བའི་སྐད་དང་ཡི་གེའི་ལམ་ནས། སྔོན་རབས་ཀྱི་བྱུང་བ་རབ་ཏུ་བརྗོད་པའི་ལོ་རྒྱུས་གཏེར་ཆུའི་བཞུར་རྒྱུན་དང་། གཞུང་ལུགས་དང་ལོ་རྒྱུས་དག་ལ་ག་དར་བྱེད་པའི་དཔྱད་གཏམ་རིག་པའི་གསང་ཚིག མི་ཚེ་དང་གཏན་མདུན་མངོན་པར་གསལ་བའི་བསླབ་བྱ་འཚོ་བའི་ལམ་སྒྲོན། ཟབ་མོའི་གཞུང་དོན་ཁག་གི་དཀའ་གནད་མདུད་རྒྱ་དཔྱོད་ལྡན་མཁས་པའི་བཀྲལ་བའི་འབེལ་མཆིད་ཤེས་བྱའི་དགའ་ཚལ་དང་། སྙན་པའི་རོལ་དབྱངས་ཕྱོགས་སུ་མཆེད་ཅིང་མཁས་པའི་བ་དན་བདག་གིར་བྱེད་པའི་སྙན་ཚིག་འཕར་ཆེན་གསུང་དབྱངས། དེ་བཞིན་འབྱུང་དང་འབྱུང་འགྱུར་གྱི་རྣམ་པའི་རྦ་རླབས་དགུང་དུ་འཕྱུར་བའི་གནས་ཚུལ་སྤུ་ཐོག་མཚོ་རླབས་སོགས་ཀྱིས་ཕྱེས་པའི་ལོ་དེབ་དེ་ཉིད་དངོས་སུ་རྩོམ་སྒྲིག་བྱས་པ་ཡིན་ལ། འདིར་རྩོམ་སྒྲིག་པས་དག་བཅོས་ཙམ་མ་གཏོགས་དོན་བཅོས་བྱས་མེད་པ་ཡང་ཀློག་པ་པོས་མཁྱེན་དགོས་སུ་ཞུ་ལ། གཞན་ངེད་ཅག་སྟེ་ལོ་དེབ་འདིའི་ལས་གཉེར་བའམ་རྩོམ་སྒྲིག་པའི་མིང་ཙམ་འཛིན་པ་དག་ལའང་གནའ་དེང་ཤེས་རིག་གི་རྣམ་དཔྱོད་ཞན་ཞིང་། ཉམས་མྱོང་དབེན་པའི་རྐྱེན་གྱིས་གང་ཅིའི་ཐད་ནས་མ་འདོང་ས་དང་ཡན་གར་ཤོར་བ་ཡོད་སྲིད་པས་དགོངས་འཆར་ལྷུགས་སྩོལ་གནང་བར་ཞུ་ཞུ།། ཁྱུང་རིག་རྩོམ་སྒྲིག་པས་རྩོམ་སྒྲིག་ཁང་ནས་བྲིས་སོ།།

རྩོམ་སྒྲིག་པ།
དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། ཁྲི་གཙུག་རྒྱལ་པོ། ཤེས་རབ་རྣམ་རྒྱལ། ནམ་མཁའ་གཙུག་ཕུད།
དེབ་འདིའི་ནང་གི་རྩོམ་གྱི་བརྗོད་བྱ་མཐའ་དག་ངེད་རྩོམ་སྒྲིག་ཁང་དང་། ཀོ་རྒྱལ་དགོན་པའི་ལྟ་བ་ཡིན་པས་ཁྱབ་པ་མེད།
འདིའི་ནང་འཁོད་པའི་རྩོམ་ཡིག་གི་བདག་དབང་འདི་གར་ཡོད་པས་ཐུགས་སྣང་གནང་རོགས།
འབྲེལ་བ་གནང་ཡུལ། བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་ཀོ་རྒྱལ་དགོན་ཁྱུང་ཆེན་རིག་པའི་གཤོག་རླབས་རྩོམ་སྒྲིག་ཁང་།
ཁ་པར་ཨང་གྲངས། 15889054577 13518959077
ཡིག་སྒམ་ཨང་གྲངས། yonten6444@163com
QQ ཨང་གྲངས། 1310336682@qqcom 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག