ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ཞབས་རྗེས་མཆོད་པའི་སྤྲིན་ཚོགས་ཞེས་པ་པར་དུ་བསྐྲུན་པ།
ཞབས་རྗེས་མཆོད་པའི་སྤྲིན་ཚོགས་ཞེས་པ་པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-09-14] [ཀློག་གྲངས། ]

མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་གྱི་༧ཁྲི་བ་རིན་པོ་ཆེ་མཆོག་ཉིད་བསྟན་འགྲོའི་དོན་དུ་སྐྱེ་བ་བཞེས་ནས་ལོ་འཁོར་བརྒྱད་ཅུར་འཁོར་བའི་རྟེན་འབྲེལ་ལ་ཕུལ་བའི་ཞབས་བརྟན་གསོལ་འདེབས་ཤིས་ཚིག༼ ཞབས་རྗེས་མཆོད་པའི་སྤྲིན་ཚོགས༽ཞེས་པ་པར་དུ་བསྐྲུན་པ།

མདུན་ཤོག་པར་རིས།

བར་བཅུག་རི་མོ།

བར་བཅུག་རི་མོ།

ཁྲི་རིན་པོ་ཆེའི་སྐྱེས་ཚོགས་ཞལ་ཐང་།

རིག་རྩལ་གླིང་བའི་ཞལ་ལུང་སྐྱེས་འཕྲེང་གསོལ་འདེབས།

དགུང་གྲངས་བརྒྱད་ཅུ་བཞེས་ཉིན་གྱི་བརྙན་སྒྲོན།

བར་བཅུག་རི་མོ།

ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ།

རིན་པོ་ཆེའི་རྣམ་ཐར་གསོལ་འདེབས།

སྨན་རིའི་བླ་བྲང་ནས་ཕུལ་བའི་རྟེན་འབྲེལ་ཤིས་ཚིག

སྨན་རིའི་ཡོངས་འཛིན་རིན་པོ་ཆེ་ནས་གནང་བའི་རྟེན་འབྲེལ་ཤིས་ཚིག

སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་གནང་བའི་རྟེན་འབྲེལ་ཤིས་ཚིག

༧ རྟོགས་ལྡན་ཁྲི་བ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུ་བཞེས་པར་བཀྲ་ཤིས་རྟེན་འབྲེལ་ཞུ།


རྩོམ་སྒྲིག་པའི་སྔོན་གླེང་།

དཀར་ཆག་ཤོག་ངོས་དང་བོ།

དཀར་ཆག་ཤོག་ངོས་གཉིས་པ།

དཀར་ཆག་ཤོག་ངོས་གསུམ་པ།

དཀར་ཆག་ཤོག་ངོས་བཞི་བ།

དཀར་ཆག་ཤོག་ངོས་ལྔ་བ།

དཀར་ཆག་ཤོག་ངོས་དྲུག་པ།

དཀར་ཆག་ཤོག་ངོས་བདུན་པ།

དཀར་ཆག་ཤོག་ངོས་བརྒྱད་པ།

དཀར་ཆག་ཤོག་ངོས་དགུ་བ།

དཀར་ཆག་ཤོག་ངོས་བཅུ་བ།

མདུན་རྒྱབ་གཉིས་ཀྱི་པར་རིས།
བསྒྲིགས་རྗེས་ཀྱི་གཏམ།

    རི་བོ་གངས་ཅན་པའི་ཁོར་ཡུག་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ། དུས་མཐའ་འདིར་ཡང་གདུལ་བྱ་སེམས་ཅན་ཡོངས་ཀྱི་སྤྱི་དཔལ་དུ། མི་ཉམས་དར་སྤེལ་གྱི་ལས་ལ་འཕྲིན་ལས་ཀྱི་འཇུག་པ་གཟེངས་སུ་མཐོ་བའི་བདག་ཅག་གི་སྐྱབས་རྗེ་དམ་པ་ཁྲི་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོ་མཆོག དུས་རབ་གསར་རྙིང་གི་འགལ་འདུ་སྣ་ཚོགས་ཐོལ་གྱིས་བརྒལ་ཞིང་། སྣ་མང་འཚོ་བའི་བྲོ་བ་རིགས་མི་འདྲ་བ་གྲངས་ལས་འདས་པ་ཞིག་རོལ་མྱོང་གི་གོ་རིམ་བརྒྱུད་ན་ཡང་། དམ་པའི་མཛད་བཟང་རིན་ཆེན་དང་བོའི་ངོ་བོ་ལ་འགྱུར་ལྡོག་གི་དྲི་མས་ཆ་ཙམ་ཡང་མ་གོས་པར། ཅི་མཛད་འགྲོ་དོན་དང་ཅི་གསུང་བསྟན་དོན་གྱི་དགོངས་བཞད་ལྷུར་བླང་གིས་ད་ཆར་དགུང་གྲངས་བརྒྱད་ཅུ་ཐམ་པར་སླེབས་པའི་དུས་བཟང་གི་སྐབས་འདིར། རང་རེ་རླབས་ཆེན་གྱི་མི་རིགས་འདིའི་སྲོལ་རྒྱུན་དྲི་མ་མེད་པའི་རིང་ལུགས་ལ་རྟེན་འབྲེལ་གྱི་བྱེད་སྒོ་ཅི་རིགས་ཤིག་བསྟར་སྲོལ་ཡོད་པ་དག་སྤེལ་ཟིན་པ་གཞིར་བཞག
   འདི་ནས་སྐབས་སུ་བབས་པ་དམ་པའི་རང་རྟགས་འཁྲུལ་མེད་རིན་ཆེན་ནོར་ལ་ནོར་དུ་ཤེས་པ་རྣམས་ནས་ཤིས་བརྗོད་ཚིག་གི་མེ་ཏོག་ག་ས་གང་ནས་རྒྱ་ཆེར་གཏོར་བ་རྣམས་ང་ཚོས་ཕྱོགས་གཅིག་ཏུ་བསྡུས་ཏེ།༼ ཞབས་རྗེས་མཆོད་པའི་སྤྲིན་ཚོགས་ ༽ཞེས་པའི་ཆེད་དེབ་འདི་ཀློག་པ་པོ་རྣམས་ཀྱི་ཆུ་བུར་མིག་གི་འབབས་སྟེགས་སུ་བསྟར་བ་ལགས། དེ་ལ་འདིར་དྲ་ཐོག་དང་ཡིག་ཟམ། སྐར་འཕྲིན། འཕྲིན་ཐུང་། ཡང་ན་ཐད་གར་ངེད་རྩོམ་སྒྲིག་པ་རྣམས་ལ་སྤྲད་པ་སོགས་ཐབས་ཤེས་ཅི་རིགས་ཀྱིས་འབྱོར་ཟིན་པའི་བརྩམས་ཆོས་ལ་གྲངས་འབོར་ཅུང་མང་ལ། རྩོམ་པ་པོ་དག་ལ་ཡང་རྩོམ་རིག་གི་ཆུ་ཚོད་འདྲ་མིན་སྣ་ཚོགས་ཤིག་ཡོད་པར་འདུག ཡིན་ན་ཡང་ད་ལམ་རྩོམ་པ་པོ་རྣམས་ཀྱི་ཆུ་ཚོད་དང་རྩོམ་ཡིག་གི་སྤོས་ཀ་གང་ལ་ཡང་གདམ་གསས་མ་བྱས་པར་སྙིགས་དོར་བཅུད་ལེན་གྱི་ལག་ལེན་ཡོངས་སུ་དོར་ནས། ཡོད་ཚད་དཔོན་གསས་བླ་མ་རིན་པོ་ཆེའི་བརྒྱད་ཅུའི་ཞབས་རྗེས་མཆོད་པའི་སྤྲིན་ཚོགས་སུ་བསྟར་བ་ལགས།
   འོན་ཏེ་ངེད་ཅག་གིས་རྩོམ་སྒྲིག་པ་ཅེས་པའི་མིང་རྟགས་འདི་བཟུང་བ་ནས་ཅིས་ཀྱང་དང་དུ་ལེན་དགོས་པ་སྐོར་ཞིག་ནི། རྩོམ་པ་པོ་རྣམས་ཀྱི་མིང་གི་གོ་རིམ། རྩོམ་ཡིག་དག་ལ་ཞུ་དག་དང་འཆར་འགོད་སོགས་ཡིན་ཕྱིར། རྔ་མོང་ཞོན་ནས་རིལ་མའི་ཕག་ཏུ་གཡོལ་ཐབས་མེད་པ་ནང་བཞིན་འདིར་བཀོད་ཀྱི་བརྩམས་ཆོས་བྱིངས་ཚན་པ་གསུམ་དུ་བགོས་ཡོད།
   དང་པོ་གྲུབ་མཐའ་ཁག་གི་བླ་སྤྲུལ་མཁན་སློབ་སོགས་སྐྱེས་ཆེན་དག་གི་བརྩམས་ཆོས་རྣམས་ ༼ རྟེན་འབྲེལ་གཏམ་གྱི་མེ་ཏོག་༽ཅེས་པའི་ཚན་པ་དེར་བསྡུས་ཤིང་། གཉིས་པ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་ངག་རིག་སྨྲ་བའི་སྐྱ་སེར་དབྱེར་མེད་ཀྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་དག་ ༼ ཚངས་སྲས་ངག་གི་རོལ་མོ་ ༽ཞེས་པའི་ཚན་པ་དེར་བསྡུས་ཡོད། གསུམ་པ་དད་པ་དང་དམ་ཚིག་རྐྱང་རྐྱང་གིས་བྲིས་པའི་བརྩམས་ཆོས་རྣམས་ ༼ མོས་གུས་མཆོད་པའི་ལྷ་དར་ ༽ ཞེས་པའི་ཚན་པ་དེར་བསྡུས་ཡོད་པ་བཅས་སོ།། དེ་ཡང་སྤྱིར་བཤད་ན་མཁས་བཙུན་བཟང་གསུམ་ཞེས་པའི་ཐ་སྙད་འདི་མ་བརྟགས་མ་དཔྱད་པར་གང་འདོད་དུ་བཀོལ་སྤྱོད་བྱེད་མཁན་མང་ཡང་། ཡོད་ཚད་ཐ་སྙད་འདིའི་དགོངས་པ་དང་མི་འགལ་བར་བདག་ཏུ་བཟུང་ཆོག་ཆོག་ཅིག་དོན་དངོས་སུ་བཤད་ན་སྐྱེས་བུ་དམ་པ་ཁོང་ལྟ་བུ་འགའ་ཤས་ལས་མི་འདུག་ཅེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་སྤོབས། དེ་བཞིན་འདིར་བཀོད་རྩོམ་ཡིག་ཡོད་ཚད་ཀྱི་ནང་དོན་ལས་ཀྱང་མདོར་རྩ་ཧྲིལ་གྱིས་དྲིལ་ན་ཚུལ་དེ་གླུ་བརྒྱ་གདང་གཅིག་གིས་གྱེར་བ་བཞིན་བསྐྱར་ནས་བསྐྱར་དུ་བརྗོད་བྱར་བཟུང་ཡོད་པས་ཀྱང་ངོས་འཛིན་ནན་མོ་བྱེད་ཐུབ་པའོ།། འདི་དག་ནི་རྩོམ་པ་པོ་རྣམས་ཀྱིས་འུད་བརྗོད་དུ་རི་བོང་ཅལ་འདྲོག་གི་ཟློས་གར་འཁྲབ་པ་མིན་ལ། ཁོང་རིན་པོ་ཆེའི་ཚངས་སྤྱོད་གཤེན་གྱི་མཛད་བཟང་ལ་ཤེས་ནས་མི་ཕྱེད་པའི་དད་པ་བརྟན་པོའི་ངོས་སམ་མ་མཐའ་ཡང་རྗེས་སུ་ཡི་རང་གི་ཚུལ་དུ་བྲིས་པ་ཤ་སྟག་ལགས་ཕྱིར། ང་ཚོ་ལ་ཡང་བརྩམས་ཆོས་དེ་དག་ཕྱོགས་གཅིག་ཏུ་བསྡུ་ནས་ཆེད་དེབ་འདི་འདྲ་ཞིག་མི་བསྐྲུན་ཐབས་མེད་བྱུང་ལ་དེ་བཞིན་གྱི་སྤྲོ་སེམས་དང་ཡིད་ཆེས་ཀྱང་བརྟན་པོ་ཡོད། འདིར་བཀོད་ཀྱི་བརྩམས་ཆོས་དག་ལ་སྙིགས་དོར་བཅུད་ལེན་མ་བྱས་པར་ཡོད་ཚད་ཚུད་པར་བྱས་ཟིན་སྟབས་ཀློག་པ་པོ་སུས་ཀྱང་འདི་དག་ཚང་མར་ཚད་ལྡན་རྩོམ་རིག་གི་འདུ་ཤེས་འཛིན་པར་དཀའ་ལ། ལྷག་པར་དུ་ངེད་རྩོམ་སྒྲིག་པ་རྣམས་ལ་རྩོམ་སྒྲིག་བྱ་བའི་ཆེད་སྦྱངས་ཉམས་མྱོང་སོགས་དབེན་པས། འགལ་འཁྲུལ་ཆད་ལྷག་སོགས་སྐྱོན་ཆ་གང་མང་ཡོད་སྲིད་པས་དགོངས་འགལ་མེད་པར་ཞུ་རྒྱུ་དང་། གཞན་ངེད་རྩོམ་སྒྲིག་ཁང་ལ་བསྐུར་ཟིན་ན་ཡང་རྐྱེན་དབང་གིས་ང་ཚོར་མ་འབྱོར་བར་འཁྱམ་སོང་བའི་ཚུལ་ཀྱང་མཆིས་སྲིད་པས་སོ་སོས་ཐུགས་འཇགས་འཚལ། 
   མཇུག་མཐར་ཁོང་རིན་པོ་ཆེའི་སྐུ་ཚེ་བསྐལ་བ་ནས་བསྐལ་བའི་བར་དུ་བརྟན་ཅིང་བཞུགས་ནས་གདུལ་བྱ་སེམས་ཅན་ཡོངས་ལ་ཕན་བདེ་བདུད་རྩིའི་གྲུ་ཆར་རྟག་ཏུ་འཇོ་ཞིང་གཡུང་དྲུང་བསྟན་པའི་དར་ཆེན་སྲིད་པའི་རྩེ་རུ་སྒྲོན་པའི་སྐྱབས་སྨོན་བཅས།

རྩོམ་སྒྲིག་ཚོགས་པ་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག