ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> དོན་གྲུབ་ལྷ་རྒྱལ།
དོན་གྲུབ་ལྷ་རྒྱལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། snowyouth] [ཟླ་ཚེས། 10-07-05] [ཀློག་གྲངས། ]

     

      སྤྱི་ལོ་༡༩༦༤་ལོར་ཧོར་ཚོ་སོ་དགུའི་ནང་གསེས་ཧོར་རྫ་དམར་ཚོ་བའི་མངའ་ཁོངས་སུ་འབྲོག་པ་ཞིག་གི་ཁྱིམ་ཚང་དུ་སྐྱེས།ཆུང་ནས་བོད་ཡིག་འབྲི་ཀློག་དང་ཨང་རྩིས་སོགས་རྨང་གཞིའི་ཤེས་བྱ་ལ་སྦྱང་བརྩོན་བྱས།  ལོ་བཅུ་གཅིག་ཐོག་ནག་ཆུ་གཉན་རོང་རྫོང་སློབ་ཆུང་ལ་ཕྱིན་ནས་སློབ་གྲར་འགྲིམས་འགོ་བརྩམས།  དེ་ནས་ནག་ཆུ་སློབ་འབྲིང་ལ་སློབ་སྦྱོང་བྱས་ནས་སྤྱི་ལོ་༡༩༨༢་ལོར་ཡིག་རྒྱུགས་འཕྲོད་པ་བརྒྱུད་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གླིང་ལ་ཚུད།  དེར་ལོ་བཞིའི་རིང་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་གཙོས་པའི་བོད་ཀྱི་རིག་གཞུང་སྤྱི་ལ་སྦྱངས་པ་ཧུར་ཐག་བྱས་ཏེ་སློབ་ཆེན་མཐར་ཕྱིན་ནས་༡༩༨༦ལོའི་དབྱར་ཁ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་སླེབས་ནས་བོད་ཀྱི་རིག་གཞུང་སྤྱི་དང་སྒོས་སུ་གཡུང་དྲུང་བོན་གྱི་ཤེས་རིག་དང་ལོ་རྒྱུས་སོགས་ལ་ཞིབ་འཇུག་གི་ངལ་བ་དང་དུ་བླངས་ནས་ལོ་ཤས་རྗེས་སུ་ཕྱི་གླིང་དུ་མུ་མཐུད་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ།  ནུབ་ཕྱོགས་ཡུ་རུབ་གླིང་གི་ནོར་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ཨོ་སི་ལོ་ལ་ལོ་གསུམ་ཙམ་བསྡད་ནས་རབ་འབྱམས་པའི་གོ་མིང་བླངས་ཏེ་བོད་དུ་ཕྱིར་ལོག་ནས་མུ་མཐུད་བོད་རིག་པར་ཞིབ་འཇུག་གི་ལས་ཀ་བྱས་མུས་ལགས།  ཞིབ་འཇུག་བྱས་པའི་འབྲས་བུ་གཙོ་བོ་ནི་དབྱིན་ཡིག་ལས་བྲིས་པའི་བོན་གྱི་གདུང་རྒྱུད་བླ་མ་ཆེ་ལྔའི་བྱུང་བ་བརྗོད་པ་དང་རྒྱ་ཡིག་ནས་བྲིས་པའི་བོན་གྱི་ལོ་རྒྱུས་རགས་བསྡུས་དང་དེ་བཞིན་དབྱིན་ཡིག་ནས་བོད་ཡིག་ལ་བསྒྱུར་བའི་བོན་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྡུས་དེ་བཞིན་འབྲེལ་ཡོད་དཔྱད་རྩོམ་ཡང་འགའ་ཤས་སྤེལ་མྱོང་བ་འདིར་ཞིབ་ཕྲ་མ་བཀོད་དོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག