ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> ངག་དབང་རྒྱ་མཚོ།
ངག་དབང་རྒྱ་མཚོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། tibetmonk] [ཟླ་ཚེས། 10-07-06] [ཀློག་གྲངས། ]

  འབུམ་རམས་པ་ངག་དབང་རྒྱ་མཚོ་ནི་སྤྱི་ལོ་༡༩༧༠ལོར་མདོ་སྨད་སྟག་ཁམས་སྡེ་སྐོར་བཅོ་བརྒྱད་ཀྱི་ནང་ཚན་གངས་ལེན་དུ་སྐྱེས། ད་ལྟ་སི་ཁྲོན་སློབ་ཆེན་དུ་ཆོས་ལུགས་ཆེད་ལས་ཀྱི་འབུམ་རམས་པའི་ཐོབ་ཐང་གཉེར་བཞིན་ཡོད། ༼Institute of religion research of Sichuan university ph.d candidate༽ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་སྲིད་པའི་རྒྱུད་བོན་དང་རྒྱ་ནག་གི་ཆོས་ལུགས་སྐོར་ཡིན། ཁོང་ནི་སྤྱི་ལོ་༡༩༧༩ལོ་ནས་༡༩༨༥ལོའི་བར་དུ་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་སྟག་ཁམས་སློབ་ཆུང་དུ་སློབ་གཉེར་བྱས། ༡༩༨༥ལོ་ནས་༡༩༨༨ལོའི་བར་དུ་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་བོད་རིགས་སློབ་འབྲིང་དུ་སློབ་གཉེར་བྱས། ༡༩༨༨ལོ་ནས་༡༩༩༢ལོའི་བར་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་མི་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭར་སློབ་གཉེར་བྱས། ༡༩༩༢ལོ་ནས་༡༩༩༤ལོའི་བར་དུ་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་སྟག་ཁམས་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་གཉེར། ༡༩༩༤ལོ་ནས་༡༩༩༧ལོའི་བར་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་མི་རིགས་མཐོ་རིམ་དགེ་འོས་ཆེད་གཉེར་སློབ་གྲྭར་སློབ་གཉེར་བྱས། ༡༩༩༧ལོ་ནས་༢༠༠༠ལོའི་བར་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་མི་རིགས་མཐོ་རིམ་དགེ་འོས་ཆེད་གཉེར་སློབ་གྲྭར་དགེ་རྒན་གྱི་བྱ་བ་གཉེར། ༢༠༠༠ལོ་ནས་༢༠༠༣ལོའི་བར་དུ་ཀན་སུའུ་ཞིང་ཆེན་མི་རིགས་སློབ་ཆེན་དུ་རྒྱ་བོད་ལོ་ཙྰའི་འབུམ་རམས་པའི་ཐོབ་ཐང་བླངས། ༢༠༠༣ལོ་ནས་༢༠༠༨ལོའི་བར་དུ་ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར། ༢༠༠༨ལོ་ནས་ད་ལྟའི་བར་དུ་སི་ཁྲོན་སློབ་ཆེན་དུ་ཆོས་ལུགས་ཆེད་ལས་ཀྱི་འབུམ་རམས་པའི་ཐོབ་ཐང་གཉེར་བཞིན་ཡོད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག