ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> མི་ནུབ་དགོན་པའི་ལོ་རྒྱུས།
མི་ནུབ་དགོན་པའི་ལོ་རྒྱུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཉག་རོང་བ་པད་མ་ཆོས་གྲགས།] [ཟླ་ཚེས། 10-07-26] [ཀློག་གྲངས། ]

    ཉག་ཤོད་ཨ་འཛིཏ་ལུང་གི་སྨད་སྐྱོབས་འབྱིན་སེང་ནག་གམ་སྦས་གནས་གནམ་ལྕགས་ཡང་རྫོང་གི་མདུན་ཕྱོགས་ལ།དཔལ་ལྡན་མི་ནུབ་གཡུང་དྲུང་གླིང་གི་དགོན་པ་ནི།ཐོག་མར་ཁོད་སྤུངས་བློ་གྲོས་ཐོགས་མེད་གདུང་རྒྱུད་ལས།ཨ་ཤར་བློ་གྲོས་སྐུ་དངོས་སུ་མཆོག་དགེ་དགོན་ནས་མི་ནུབ་བཅོ་བརྒྱད་ཐང་ལ་བྱོན་ཡོང་ནས་དགོན་པ་ཆུང་ངུ་ཞིག་བཏབ།བཏབ་པའི་དུས་ནི་བརྗོད་མ་ནུས་།དགོན་འདི་བཏབ་ནས་བཟུང་གཡུང་དྲུང་བོན་གྲུབ་མཐའ་ཁོ་ན་བསྐྱངས་། དགོན་དེའི་འོག་ཏུ་མཆོད་རྟེན་དང་ཚ་ཁང་སོགས་བཞེངས་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད་པ་དང་།མཆོད་ཞིང་ལ་ཨ་ཤར་ཞིང་ཟེར་བའི་མིང་ཐོབ་ཡོད་པ་དང་།ཁོད་སྤུངས་བློ་གྲོས་རྒྱ་མཚོའི་སྲས་གྲུབ་ཆེན་ཁྱུང་རྒོད་ཀྱི་སྲས་རྒྱུད་གཞན་ལས་མཆེད་པ་ཁོད་སྤུངས་གུ་རུ་ཞེས་པའི་སྲས་བསྟན་པ་རྒྱལ་མཚན་ཉིད་ཀྱིས་མི་ནུབ་དགོན་པའི་དགོན་བདག་བྱས་ནས་རྟེན་འབྲེལ་་་་གཏོ་ཐབས་སྐོར་ལ་མཁྱེན་རབ་རྒྱས།ས་སྐྱ་བདག་ཆེན་ཁྲི་རིན་པོ་ཆེའི་མདུན་ནས་གསང་སྔགས་ལམ་འབྲས་སྐོར་གྱི་སྨིན་གྲོལ་ཡང་མནོས།ཉག་ཤོད་ལྕགས་མདུད་འབྲུག་མོ་རྫོང་གི་དཔོན་་་་་བསོད་ནམས་མགོན་པོའི་བླ་མཆོད་མཛད།ཨ་ཤར་བློ་གྲོས་ཀྱི་གདུང་རྒྱུད་དང་སློབ་བརྒྱུད་ཀྱིས་དགོན་པའི་གདན་ས་བསྐྱངས། དེ་སྲས་མང་སྟེ། སྐོས་ཡག་དང་། ཡོ་ཀྱུན་པ། མི་ནུབ་ཚང་གསུམ་ཡོད། མི་ནུབ་ཤེས་རབ་རིན་ཆེན་གྱིས་སྔར་ཡོད་དགོན་རྙིང་དེ། དེའི་འོག་ཏུ་རི་གདོང་ལ་མར་སྤོས་ལྷ་ཁང་ཀ་རིང་བཞི་པ་ཞིག་གསར་དུ་བཞེངས་ཏེ་ས་འདུལ་མཛད།བཏབ་པའི་དུས་ནི་ངེས་གཏད་མ་རྙེད།ཁོང་ནི་སོ་ཐར་གྱི་སྡོམ་པ་ལ་བསླབ་ནས་མཐའ་ཕྱིན་མཛད་ཅིང་།དགོན་འདིར་སྔ་འགྱུར་བཀའ་རྙིང་ཁྲི་ཕུར་ཞང་གསུམ་གྱི་སྒྲུབ་མཆོད་བཞག་ནས་སྔར་འགྱུར་གྱི་བོན་ཐམས་ཅད་དར་ཞིང་རྒྱས་པར་བྱུང་།དེའི་མཆེད་ཡ་ལ་སྲས་གསུམ་་་ཡོད་པའི་བསྟན་འཛིན་ཞེས་པ་དེ་རྟེན་རབ་བྱུང་ཡིན།བཀྲ་ཤིས་རྒྱལ་མཚན་གྱིས་གོ་བོ་བྲག་་་ཆེན་མ་ནས་སྟོན་པའི་སྐུ་གཅིག་གཏེར་དུ་དྲངས།  དེའི་དུས་ཉག་རོང་ཡོངས་ལ་ས་གནས་སྲིད་་གཞུང་གིས་དབང་བསྒྱུར་བའི་སྐབས་ཡིན་པས་བཀྲ་ཤིས་རྒྱལ་མཚན་ཁོང་དང་སྲས་གཉིས་ལ་བཀའ་ཉེས་ཕོག་ནས་རི་ནུབ་རྫོང་དུ་བཙོན་དུ་བཅུག་ནས་ཕྱོགས་གཉིས་སུ་བཞག དེའི་ སྐབས་མཚན་མོར་ཡབ་སྲས་གཉིས་ལ་ཕན་ཚུན་ཉི་མ་ཤར།ཕྱི་ཉིན་རྫོང་དཔོན་ཕུན་རབ་བས་གོ་ནས་གཟིམ་ཁང་ནང་དུ་གདན་འདྲེན་ཞུས་ནས་ཕྱག་མོ་འདེབས་དགོས་ཞུས་བས། བླ་མའི་ཐུགས་འཁྲུགས་ཏེ།ངས་མོ་བཏབ་མི་ཤེས་།མོ་ཁྱེད་ཀྱིས་ཐོབས་གསུངས་ནས་ཕྱག་ཕྲེང་དེ་ཕུན་རབ་པའི་པང་དུ་འཕངས་པས་གྲུབ་རྟགས་ཀྱིས་ཕྱག་ཕྲེང་དེ་སྦྲུལ་དུ་སྤྲུལ་ནས་འཁྱིལ་པས། ཕུན་རབ་པས་བླ་གཟའ། སྦྲུལ་དེ་འཇུས་ཤིག་ཞུས་པས། བླ་མས་ཚུར་བླངས་ནས་མགུལ་ལ་གོན་པས་སྦྲུལ་སླར་ཕྲེང་བར་གྱུར་སོང་།དེ་ནས་ཕུན་རབ་བས་བླ་མས་ལ་ཁས་བླངས་ཏེ་་་ལྕགས་མདུད་རི་ནུབ་ཚང་གི་དབུ་བླར་བསྐོས་། ཤོད་རུ་དང་ཡུལ་ལུང་། གཞི་ལི་ཕུག་གསུམ་ལ་གཞིས་གཞིས་ཀ་གསུམ་ནང་།སྲས་ཉིད་བོད་པས་བཙོིན་དུ་བཟུང་སྐབས་མཚན་མོར་ཉི་མ་ཤར་བས་མཚན་ཡང་ཉི་མ་ཞེས་བཏགས། དེ་ནས་བླ་མ་གཡུང་དྲུང་ཡེ་ཤེས་དང་ཚུལ་ཁྲིམས་དཔལ་བཟང་སོགས་མི་ནུབ་བླ་རབས་རིམ་བྱོན་རྣམས་ཀྱིས་དགོན་་་འདི་བསྐྱངས་པ་ཡིན་ནོ།བླ་མ་ཉི་མས་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གདན་དྲངས་ནས་འདུས་པ་ཡོངས་ཀྱིས་ཁྲོ་ཕུར་ཞང་གསུམ་གྱི་དབང་ལུང་ཟབ་རྒྱས་ཞུས།གཏེར་ཆེན་གསང་སྔགས་གླིང་པ་བྱོན་ནས་ཆོ་ག་བཅུ་གཉིས་ལྗགས་ལུང་གནང་ཞིང་།རང་གཏེར་སྐུ་གསུམ་ཕུར་སྒྲུབ་ཀྱི་སྒྲུབ་མཆོད་གར་འཆམ་བའས་རྒྱས་པར་སྩལ།དེ་ནས་བཟུང་ཁོང་གི་གཏེར་ཆོས་ཀྱང་དགོན་འདིར་དར་རྒྱས་བྱུང་ཡིན།དེའི་རྗེས་གཡུང་དྲུང་ཡེ་ཤེས་ཀྱིས་དབྲ་སྟོན་པནྟི་ཏ་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་དང་བྱ་བཏང་སྤྲུལ་པའི་སྐུ་ཚེ་དབང་འགྱུར་མེད་རྣམ་གཉིས་གདན་་་་འདྲེན་ཞུས་ནས། བླ་གྲྭ་ཡོངས་ལ་སོར་བྱང་སྔགས་ཀྱི་སྡོམ་པ་དང་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་སོགས་ཀྱི་འཆད་ཁྲིད་རྒྱ་ཆེར་གནང་ངོ།དགོན་འདིའི་ལོགས་བྲིས་ལ་ཡི་དམ་གསས་མཁར་མཆོག་ལྔ། ཆོ་ག་བཅུ་གཉིས། སྲུང་མ་བོན་སྐྱོང་སྡེ་དྲུག་བཅས་བཞུགས། རྟེན་གསུམ་སྐོར་ལ། སྐུ་རྟེན་རྣམ་པར་རྒྱལ་བའི་སྐུ་མ་མདའ་ཚད་མ་གཅིག ཟངས་གསེར་ལས་གྲུབ་པའི་གནས་བརྟན་བཅུ་དྲུག བདེར་གཤེགས་སོ་ལྔ་མཐོ་གང་བ། སྨན་འདམ་ལས་གྲུབ་པའི་སྟོན་པ་འཆི་མེད་གཙུག་ཕུད། རྣམ་རྒྱལ། བྱམས་མ། གཏོ་རྒྱལ་ཡེ་མཁྱེན།ཐང་མ་མེ་སྒྲོན་བཅས་ཐོག་བརྩེགས་མ་དང་།སྲང་མའི་ཁང་དུ་ཡི་དམ་སྟག་ལ་དང་། བོན་སྐྱོང་སྲུང་མ་སྡེ་དྲུག་དང་ཡུལ་ས་སྐྱོབས་འབྱིན་བཅས་ཡོད།གསུང་རྟེན་ལ། དྲི་མེད་གཟི་བརྗིད་གཙོས་པའི་མདོ་འབུམ་སྔགས་གྱི་པོ་ཏི་བརྒྱ་ལྷག རྙིང་མའི་པ་ཁ་ཚང་། འདོན་ཆ་སྐོར་སོགས་པོད་མང་ཙམ་བཞུགས།ཐུགས་རྟེན་ལའང་།གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་གྲུ་གང་ཆ་བརྒྱད། ས་རྡོ་ལས་གྲུབ་པའི་མཆོད་རྟེན་སོགས་མང་དུ་བཞུགས། ལྷ་ཆ་མཆོད་ཆས་ལ། སྦུབས་རྒྱ་མ་གཙོས་པའི་སྦུབ་ཆལ་སུམ་ཅུ། འདར་སིལ་མ་ནི་ལ་སོགས་ཆ་གསུམ། མཁར་རྔ་ལྔ། གཤང་ཆེན་གསུམ། རག་དུང་ཆ་གསུམ། རྒྱ་གླིང་ཆ་གསུམ། དུང་དཀར་ཆ་བཞི། རྐང་གླིང་ཆ་བཞི། གསེར་དངུལ་བཀྲ་མའི་རྩ་གསུམ་མཆོད་པ། སྨན་རག བུམ་པ་སོགས་ཆ་ཚང་ཡོད། དུས་ཆེན་བཞི་ལ་ཚོགས་པ་ཡོད་དེ། ཟླ་བ་དང་པོར་སྨོན་ལམ་ཆེན་མོ་ཉིན་བཅོ་ལྔ་དང་།
      ཟླ་བ་ལྔ་བའི་ནང་དུས་ཁྲིམས་ཡན་ལག་བརྒྱད་པ་ལྟར་གྱི་བསྙེན་སྙུང་ལ་གནས་པ་དང་།དབྱར་ཟླ་བ་དྲུག་པའི་ནས་བཟུང་བསླབ་གསུམ་ངུར་སྨྲིག་འཛིན་པའི་བླ་གྲྭ་སུམ་ཅུ་ཙམ་གྱིས་དབྱར་གནས་ཟླ་གཅིག་དང་།དགུན་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ནས་བཟུང་གནམ་གང་བར་གསང་སྔགས་གླིང་པའི་གཏེར་ཆོས་སྐུ་གསུམ་ཕུར་པའི་སྒྲུབ་མཆོད་གར་འཆམ་བཅས་དང་། ཁྲོ་ཕུར་ཞང་གསུམ་གྱི་སྒྲུབ་མཆོད་ཀྱི་ཚོགས་པ་བཅས་ཡོད་དོ།།འཚོགས་རྟེན་ནི་ས་ཞིང་ལ་བརྟེན་ནས་འགྲོ་སོང་བཏང་བ་ཡིན།སྤྱི་པ་ནི་ཤོག་ཁག་བཞི་ལས་སྤྱི་པ་བཞི་བུད་ནས་སྤྱི་གཉེར་ཁུར་བ་ཡིན།བླ་གྲྭ་ཞལ་གྲངས་ལ།བླ་མ་གཡུང་དྲུང་ཡེ་ཤེས་དབང་ཚུལ་ཁྲིམས་དཔལ་བཟང་གཉིས། དབྱར་གནས་མཁན་པོ་གཉིས་དང་། དགེ་འདུན་པ་དྲུག་ཅུ་ལྷག་ཙམ་ཡོད། འོན་ཀྱང་རིག་གསར་སྐབས་སོགས་སུ་ལྷ་ཁང་གི་སྤྱི་ཁོག་དང་ནང་གི་རྟེན་འགའ་ཞིག་ལས་་་་ཐམས་ཅད་བརླགས་སོང་བ་ཡིན་ནོ།དེ་རྗེས་ཡང་བླ་མ་ཚུལ་ཁྲིམས་དཔལ་བཟང་དང་བླ་མ་་་ཚང་གི་དབོན་པོ་རྣམ་གཉིས་གཙོས་གྲྭ་རྒན་འགའ་ཡིས་ཐུགས་ཁུར་བཞེས་ཏེ་འདུ་ཁང་གསར་བཞེངས་དང་།བོན་གྱི་བཀའ་བསྟན་འགྱུར་གྱི་བཞེངས་པ་ཡང་མི་དམན་ཙམ་འགྲུབ་སོང་བ་་དང་། དུས་ཆེན་གྱི་ཚོགས་པ་རྣམས་ཀྱང་སྔར་བཞིན་དང་།བླ་གྲྭ་ཡང་བདུན་ཅུ་ཙམ་དང་། ལྷ་སྡེ་དུད་གྲངས་བརྒྱད་ཅུ་ལྷག་ཙམ་ཡོད་པ་ཡིན་ནོ།།།ཞེས་རིག་མིང་བས་བླ་མ་དཔལ་བཟང་གིས་གསུངས་པའི་དགོན་པའི་ལོ་རྒྱུས་ལས་བཏུས་སོ།།

ཉག་རོང་བ་པད་མ ་ཆོས་གྲགས་ལགས་ནས་ལོ་རྒྱུས་འདི་མཁོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག