ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> ཕིང་ཝུང་པའོ་ཨེན་དགོན།
ཕིང་ཝུང་པའོ་ཨེན་དགོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-09-17] [ཀློག་གྲངས། ]

སི་ཁྲོན་ཞིང་ཆེན་ཕིང་ཝུང་རྫོང་དུ་བོན་དང་འབྲེལ་བ་ཡོད་པའི་པའོ་ཨེན་དགོན་ནམ་དྲིན་ལན་མཇལ་བའི་དགོན་གྱི་ངོ་སྤྲོད་གནད་བསྡུས།

ཕིང་ཝུང་པའོ་ཨེན་དགོན་གྱི་འདྲ་རིས་བྲིས་མ།

ཕིང་ཝུང་པའོ་ཨེན་དགོན་གྱི་མདུན་སྒོ།

ཤར་དུང་རིའི་ལྷོ་ཕྱོགས་ཕིང་ཝུའུ་རྫོང་གི་པའོ་ཨེན་དགོན་ཞེས་པ་༼རྒྱ་ཡིག་གི་པའོ་ཨེན་ཞེས་པ་དེ་ནི་དྲིན་ལན་མཇལ་བ་ཞེས་པའི་དོན་ཡིན།༽དེ་ནི་༡༤༤༠ལོ་ནས་བཞེངས་འགོ་བརྩམས་པ་དང་༡༤༦༠ལོར་གྲུབ་པ་ཞིག་རེད་ལ། དཔོན་པོ་ཝང་ཞིའི་ཞེས་པ་དེས་བཞེངས་པ་གྲགས། ལྷ་ཁང་ཆེ་ཆུང་བཅི་བཞི་ཡན་ཙམ་ཡོད། བསྐྲུན་པ་སྤུས་ལེགས་ཤིང་དབྱིབས་ཧ་ཅང་མཛེས་པ་དེ་སངས་རྒྱས་ཀྱིས་ནུས་མཐུ་དང་བྱིན་རླབས་ཀྱིས་གྲུབ། མཐོང་ན་དད་པ་དག་སྣང་བསྐྱེད། དེའི་རྟེན་ལ། སྔ་རབས་འདས་པའི་སྟོན་པ་རབ་བདུན་དང་། གྲུབ་ཆེན་བཅོ་བརྒྱད། སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་། འགྲོ་བ་རིགས་དྲུག་གི་འཁོར་ལོ་སོགས་གདུལ་བྱའི་ལམ་སྣ་འདྲེན་པའི་རྟེན་ཁྱད་པ་ཅན་ཤིན་ཏུ་མང་། དགོན་པ་དེ་ནི་རྒྱ་བོད་ཆའང་གསུམ་གྱི་དགོན་གནས་ཆེན་པོ་ཞིག་ཡིན་པ་དང་། འགྲོ་བ་རིགས་དྲུག་འཁོར་ལོ་དེ་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས་བཞེངས་པ་ཞེས་གྲགས། གནས་ཆེན་ཤར་དུང་རིར་གནས་བསྐོར་སོགས་ཕྱིན་སྐབས་མཇལ་སྐོར་བ་ཚང་མས་དགོན་འདི་དང་རིགས་དྲུག་འཁོར་ལོ་དེ་མཇལ་ཐུབ་པའི་ལུགས་སྲོལ་སོགས་ཆགས་ཡོད་ལ། དེང་གི་དུས་སུའང་གནས་བསྐོར་བོད་ཆའང་རྒྱ་གསུམ་སོགས་ཉིན་རེར་རྒྱལ་ཕྱི་ནང་གི་གནས་མཇལ་བ་དང་བལྟ་སྐོར་བ་མང་བོ་ཡོང་བཞིན་ཡོད། དགོན་རྙིང་འདི་ནི་དེང་གི་ཆ་ལ་མཚོན་ན་བོན་དང་འབྲེལ་བའི་རྒྱ་ཡུལ་དུ་ཡོད་པའི་དགོན་རྙིང་རྩ་ཆེན་ཞིག་ཡིན།


སྟོང་རྒྱུང་མཐུ་ཆེན་གྱིས་བཞེངས་པ་གྲགས་པའི་འགྲོ་བ་རིགས་དྲུག་འཁོར་ལོ།
༼པར་རིས་འདི་སྐྱང་ཁ་མ་ཚང་གི་ཟིན་བྲིས་ལས་བཤུས།༽

༼བོན་དང་འབྲེལ་བའི་དགོན་རྙིང་འདིའི་ལོ་རྒྱུས་སམ་ངོ་སྤྲོད་རྗེས་ཕྱོགས་མུ་མཐུད་ནས་རྒྱས་པ་ཞིག་འབྲི་འདོད་ཆེ།༽

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག