ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྐྱབས་རྗེ་བོན་བརྒྱ་མཆོག་གིས་མང་རྫོང་སྟོང་སྐོར་དུ་བཀའ་དབང་གནང་བ།
སྐྱབས་རྗེ་བོན་བརྒྱ་མཆོག་གིས་མང་རྫོང་སྟོང་སྐོར་དུ་བཀའ་དབང་གནང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྟོང་རུ་ལྷུན་འགྲུབ།] [ཟླ་ཚེས། 10-08-03] [ཀློག་གྲངས། ]

༧ སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག

དད་ལྡན་མང་ཚོགས་རྣམས་ཀྱིས་བཀའ་དབང་ལ་མཉན་བཞིན་པའི་ཚུལ།

བྱིན་འབབ་སྐབས་སུ་ཉི་མའི་མཐའ་ལ་བརྒྱན་པའི་འཇའ་ཚོན་གྱི་གུར་ཁང་རིམ་པ་གསུན་ཅན་དང་བར་སྣང་དུ་རྒྱུ་བའི་ངོ་མཚར་སྤྲིན་ཕུང་།

      བོད་ལྕགས་སྟག་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་ནས་ཉེར་གཅིག་བར་ཏེ་ཉིན་གསུམ་གྱི་རིང་ལ། ༧སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་ཀོས་ནན་རྫོང་མའོ་ཀོས་ཐང་དུ་གདན་འདྲེན་ཞུས་པ་བརྒྱུད་སྟོང་སྐོར་གཡུང་དྲུང་གསང་སྔགས་བདུད་འདུལ་འབར་བའི་གླིང་དུ་ངུར་སྨྲིག་འདུལ་བ་འཛིན་པའི་སྡེ་དང་། སྔགས་འཆང་གོས་དཀར་ཅན་གྱི་སྡེ། དེ་མིན་སྟོང་སྐོར་དང་། དཔོན་ཚང་། མར་ནང་། འུ་སིན། བོན་བརྒྱ་འབྲོག བོན་སྐོར། འབྲོག་རུའི་ཤ་རྒྱ་སོགས་ནས་ཡོང་བའི་བོན་བན་གྲུབ་མཐའ་དུ་མའི་དད་ལྡན་སྟོང་ཕྲག་ལྷག་ལ་ཀུན་བཟང་རྒྱལ་བ་འདུས་པའི་དབང་སོགས་དབང་ལུང་གི་ཆར་ཆེན་བསྩལ། དེ་ཡང་ཚེས་བཅུ་དགུ་ཉིན་ཀུན་བཟང་རྒྱལ་བ་འདུས་པའི་དབང་ཐུགས་རྗེ་སྤྲིན་དཔུང་གི་སྟ་གོན་བྱས་ཤིང་། བྱིན་འབེབ་ཀྱི་སྐབས་སུ་དཔལ་ལྡན་བླ་མ་རིན་པོ་ཆེའི་ཐུགས་རྗེ་ཀྱིས་སྐལ་ལྡན་རྣམས་ལ་བྱིན་རླབས་ཞུགས་པའི་མངོན་རྟགས་སུ། ནམ་མཁའ་ལ་ཁྲི་གདུགས་ཉི་མའི་མཐའ་སྐོར་དུ་འཇའ་ཚོན་གྱི་གུར་ཁང་རིམ་པ་གསུམ་ཤར་ནས་ངོ་མཚར་ལྟས་ཀྱིས་སྟོང་གསུམ་གང་བར་བྱས། ཚེས་ཉི་ཤུའི་ཉིན་ཀུན་བཟང་རྒྱལ་བ་འདུས་པའི་དབང་གི་དངོས་གཞི་དང་གཞན་རྫོགས་ཆེན་སྔོན་འགྲོ་དྲི་མེད་ལྷན་སྐྱེས་དང་། སྙིང་པོ་རྣམ་གསུམ། སྟག་ལྷ་སྤུ་གྲི་དམར་པོ། སྨྲ་སེང་དཀར་པོ་གཅིག་སྒྲུབ། སྟག་རི་རོང་གི་མ་མང་བསྐུལ་བ་སོགས་ཀྱི་ལུང་གནངས། ཚེས་ཉེར་གཅིག་ཉིན་མ་ཏྲིའི་ཚེ་དབང་གནངས་ནས་ཆོས་དང་འཇིག་རྟེན་ཀུན་ལ་སྨན་པའི་ཞལ་ཏ་མང་པོ་མཛད་ནས་དད་ལྡན་རྣམས་ལ་བྱིན་གྱིས་བརླབས་པའོ། ། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག