ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ལྷ་སར་ཞང་བོད་བགྲོ་གླེང་འདུ་འཛོམས་བྱས་པ།
ལྷ་སར་ཞང་བོད་བགྲོ་གླེང་འདུ་འཛོམས་བྱས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། gexihf] [ཟླ་ཚེས། 10-08-08] [ཀློག་གྲངས། ]

     ༢༠༡༠ལོའི་ཟླ་བ་༨ཚེས་༧ཉིན་ལྷ་སར་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་དང་། བོད་གནའ་བོའི་ཤེས་རིག་ལོ་རྒྱུས་སྐོར་ཕྱི་རྒྱལ་གྱི་མཁས་པ་དང་། བོད་དུ་བཞུགས་པའི་བོན་གྱི་ཆེད་ལས་ཞིབ་འཇུག་པ་དང་དེའི་སྐོར་ལ་ཐུགས་སྣང་དཀར་བའི་བླ་སྤྲུལ་སོགས་མི་སྣ་མང་ཙམ་དུས་ཡུན་ཆུ་ཚོད་ལྔ་ལྷག་ཙམ་ཕན་ཚུན་བགྲོ་གླེང་དང་། ཉམས་མྱོང་སྤེལ་རེས། བསམ་ཚུལ་བརྗེ་རེས། ལོ་རྒྱུས་དཀའ་གནད་འགའ་ཞིག་ཉམས་ཞིབ་བྱེད་ཕྱོགས་སོགས་ཤེས་ཡོན་ལོ་རྒྱུས་དུ་མར་བགྲོ་གླེང་ལྷུག་པོར་གནང་ཞིང་། ལྷག་ཏུ་ཞང་ཞུང་གི་ཤེས་རིག་ལོ་རྒྱུས་ལ་སྔར་ལས་ལྷག་པའི་ཞིབ་འཇུག་མི་སྣ་བསྐྱེད་བསྲིང་དང་། ཞིབ་འཇུག་གི་ལམ་ཕྱོགས་དེ་འཛམ་གླིང་ལ་ཁ་ཕྱོགས་ཏེ་གཏིང་ཟབ་དང་འབུར་ཐོན་གྱི་ནུས་པ་རྒྱ་ཆེར་ཐོན་ཐབས་ཀྱི་བྱ་བ་ལེགས་པོ་ཡོང་ཐབས་འབད་བརྩོན་དགོས་ཚུལ་བཅས་ཀྱི་ཚོགས་མི་རྣམས་ཀྱི་དགོངས་འཆར་དང་བགྲོ་གླེང་གང་ལེགས་བྱུང་ལ། སྐབས་འདིའི་འགྲོ་གྲོན་བཏང་མཁན་ནི་བསྟན་ལ་ལྷག་བསམ་དཀར་བའི་ཨ་མདོ་ཤར་པ་རྩེ་རྒྱལ་ལགས་གཙོས་ཁོང་གི་འཁྲུངས་ཡུལ་གཅིག་པའི་ཚོང་གྲོགས་རྣམས་ཀྱིས་གནང་བར་ལེགས་སོ་བྱ་བ་བསྔགས་འོས་ཀྱི་དཔལ་དུ་གྱུར་པའི་གནས་ཚུལ་བཅས་སོ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག