དབུ་ཁྲིད་དང་དགེ་སློབ་ལྷན་རྒྱས་ཀྱི་འདྲ་པར། ༼མཐོ་རམས་པ་དང་རབ་འབྱམས་པ་ཚང་མ་འདུས་ཡོད།༽
བཀྲ་ཤིས་པའི་འོད་སྟོང་གིས་མདུན་ནས་བསུས་ཏེ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་ཟླ་བརྒྱད་པའི་ཚེས་གཉིས་ཉིན་ལ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བརྒྱད་པའི་མཐོ་རམས་པ་འཛིན་གྲྭ་དང་སྐབས་བཞི་བའི་རབ་འབྱམས་པ་འཛིན་གྲྭ་དབུ་ཚུགས་པའི་མཛད་སྒོ་སྤེལ་ཏེ་ང་ཚོ་བོན་པོ་ལ་མཚོན་ན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་མ་བསྡུ་ལེན་གནང་བ་དེ་ཐེངས་དང་བོ་ཡིན་ལ་དེ་ནི་བཀྲ་ཤིས་པའི་དོན་ཆེན་ཞིག་ཀྱང་རེད། འགོ་ཚུགས་མཛད་སྒོའི་སྟེང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་དང་། གླིང་གཙོ་གཞོན་པ་ནགས་ཚང་བྱམས་པ་ངག་དབང་། དེ་བཞིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་། རྒྱལ་ཁབ་ཀྱི་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་། དྲུང་ཡིག་པ་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་མ་ཕེབས་ནས་མཛད་སྒོ་རྒྱ་ཆེ་སྤེལ། དབུ་ཁྲིད་དག་གིས་བཀྲ་ཤིས་བདེ་ལེགས་ཀྱིས་ངང་ནས་སློབ་སྟོན་སོགས་གནང་བ་རེད།
སློབ་གླིང་གི་དགེ་རྒན་སྨན་རིའི་དགེ་བཤེས་ནག་ཆུ་ཀླུ་ཕུག་དགོན་པའི་བཤད་སྒྲུབ་སློབ་གླིང་གི་དཔོན་སློབ་གཙང་ཚྭ་ཤེས་རབ་གཡུང་དྲུང་གཙུག་ཕུད་མཆོག
དཔེ་ཁྲིད་གནང་སྐབས་ཀྱི་ཟུར་ཞིག
འཆད་རྭ་ནང་དུ་རྩོད་གླེང་གནང་བཞིན་པ།
བསྟན་རྒྱས་སྨོན་ལམ་འདོན་བཞིན་པ།
པེ་ཅིང་གྱི་གསེར་དགོན་དུ་བཞུགས་པའི་༧རྒྱལ་དབང་ལྔ་བ་ཆེན་མོའི་སྐུ་གདུང་མཆོད་པའི་རྟེན་ལ་མཆོད་མཇལ་དུ་སོང་བ།
མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སློབ་གླིང་ནས་རབ་འབྱམས་པའི་སློབ་གཉེར་མཁན་གྱི་གཡུང་དྲུང་བོན་གྱི་དགོན་སྡེ་བཅུ་ཕྲག་ལྷག་ནས་ཕེབས་པ་དང་། འཛིན་གྲྭའི་ཀྲུའུ་རེན་བོད་ལྗོངས་སྟེང་ཆེན་རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་དང་། དེ་བཞིན་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགོན་སྡེ་སོ་སོའི་མཁན་པོ་དང་། དཔོན་སློབ། བླ་མ། དགེ་བཤེས་སོགས་ཏེ། བོད་ལྗོངས་ཆབ་མདོ་སྟེང་ཆེན་ཀོ་རྒྱལ་དགོན་གྱི་བླ་མ་མཁྱེན་རབ་རྒྱ་མཚོ། བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་་སྤ་ཚང་དགོན་དགེ་བཤེས་བསམ་གཏན་རྒྱལ་མཚན། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྩེ་དྲུག་དགེ་བཤེས་ཤེས་རབ་རྣམ་རྒྱལ། མདོ་སྨད་སྣང་ཞིག་དགོན་དགེ་བཤེས་གཡུང་དྲུང་བློ་གསལ། རྟ་མཚེར་དགོན་འབྲུག་གསས་རྒྱལ་མཚན། སྣང་ཞིག་དགོན་ཚུལ་ཁྲིམས་ཡེ་ཤེས། སྣང་ཞིག་དགོན་བསོད་ནམས་བསྟན་འཛིན། ཤར་དུང་རི་བླ་མ་བཀྲ་ཤིས་ནོར་བུ། འབར་ཁམས་བྷོ་ལ་དགོན་རྒྱལ་མཚན་དྲི་མེད། ནག་ཆུ་སྤ་ཚང་དགོན་དགེ་བཤེས་བློ་གྲོས་རྒྱལ་མཚན། ཆབ་མདོ་སྟེང་ཆེན་དགོན་དགེ་བཤེས་གཙུག་གཤེན་དོན་འགྲུབ། དཔལ་ལྡན་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་གི་རང་གྲོལ་ཉི་མ་རྒྱལ་མཚན། མདོ་སྨད་གཟི་ཚ་སྡེ་དགུ་ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན་དབང་རྒྱལ་ཚེ་རིང་། དཀར་མཛེས་ཉག་རོང་དཔལ་ཡེ་ཤེས་བཤད་སྒྲུབ་དར་རྒྱས་གླིང་ཀུན་བཟང་རྣམ་རྒྱལ། རྔ་བ་སྣང་ཞིག་དགོན་དགེ་བཤེས་བསོད་ཀོ། རྔ་བ་སྣང་ཞིག་དགོན་བསོད་ཏེ། ལུང་དགོན་དཔལ་གཤེན་བསྟན་རིན་ཆེན་གླིང་ལུང་དཀར་གཡུང་དྲུང་བསྟན་འཛིན། སྤུ་ལ་དགོན་གཡུང་དྲུང་བསྟན་འཕེལ་གླིང་བསྟན་འཛིན་རྣམ་རོལ། སྣང་ཞིག་དགོན་སྨར་བསྟན་འཛིན་རྣམ་རྒྱལ། སུ་ལ་དབྲ་ཁྱུང་བྱང་ཆུབ་གླིང་ཨ་འཆི། ཆབ་མདོ་ཚ་རོང་མདོ་དར་དགོན་བླ་མ་ཤེས་རབ་བློ་གྲོས། ཉག་ཆུ་རྫོང་མེ་ཉག་འདུ་ར་དགོན་གྱི་མཁན་པོ་ཚུལ་ཁྲིམས་དྲི་མེད། སྡེ་དགེ་ཤར་རྫའི་རི་ཁྲོད་མཁན་ཉི་མ་བསྟན་འཛིན། ཟིང་ཆུ་རྫོང་གཙོ་ཚང་དགོན་ཁམས་ཆེན། ཟིང་ཆུ་རྫོང་རིན་སྤུངས་དགོན་པའི་ཚུལ་ཁྲིམས་བསྟན་འཛིན་བཅས་མི་ཉེར་ལྔ་བཙུད་ཡོད།
མཐོ་རམས་པ་དང་རབ་འབྱམས་པ་ཚང་མ་ལྷན་དུ་བླངས་པའི་འདྲ་པར།
སྤྱིར་ཐེངས་འདིའི་མཐོ་རམས་པ་ལ་མི་༡༡་དང་དེའི་ནང་ནས་དགེ་ལུགས་པ་ལྔ་དང་ས་སྐྱ་བ་དྲུག་ཡོད། རབ་འབྱམས་པའི་མི༢༥་ཡོད་ཅིང་ཚང་མ་བོན་པོ་ཡིན།