ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བླ་མ་རྒྱ་མཚོ་ནོར་བུ་མཆོག་གིས་གལ་ཆེན་འབོད་སྐུལ་ཞུ་རྒྱུ།
བླ་མ་རྒྱ་མཚོ་ནོར་བུ་མཆོག་གིས་གལ་ཆེན་འབོད་སྐུལ་ཞུ་རྒྱུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བླ་མ་རྒྱ་མཚོ་ནོར་བུ།] [ཟླ་ཚེས། 10-09-14] [ཀློག་གྲངས། ]

༡༽དད་ལྡན་མང་ཚོགས་རྣམས་ནི་ཚེ་གཅིག་སྡོམ་པ་བསྲུང་བའི་ལས་སྐལ་མ་ལྡན་ཀྱང་། ལོ་ལྟར་སྟོན་པ་གཤེན་རབ་འཁྲུངས་པའི་དུས་ཆེན་བོད་ཟླ༡༢པའི་ཚེས་༡༥ཉིན་དང་། བླ་ཆེན་དྲན་པ་ནམ་མཁའ་འཁྲུངས་པའི་དུས་ཆེན་བོད་ཟླ་༩བའི་ཚེས་༡༠ཉིན་དང་། རྒྱལ་བ་མཉམ་མེད་ཆེན་པོ་འཁྲུངས་པའི་དུས་ཆེན་བོད་ཟླ་༡ཚེས་༥ཉིན་བཅས་ལ་གཡུང་དྲུང་བོན་ལ་སྤྱོད་པའི་བོན་འབངས་ཡོངས་རྫོགས་གཅིག་གྱུར་གྱི་བསྙེན་སྙུང་སྡོམ་པ་སྲུང་རྒྱུ་དང་།
༢༽བླ་སྤྲུལ་རྣམས་ཀྱིས་རང་གི་དགོན་ཞབས་སེར་སྐྱ་མང་ཚོགས་ཀུན་ལ་སྔོན་འགྲོ་དངོས་གཞི་བསགས་སྦྱོང་ཉམས་ལེན་བཅོལ་རྒྱུ་དང་། སེར་སྐྱ་ཚང་མར་ལོ་རེར་ཉིན་བདུན་ཡན་མན་བོན་ལ་བློ་སྦྱོང་ཉམས་ལེན་བྱེད་རྒྱུ་གཅིག་གྱུར་གྱི་བཀོད་སྒྲིག་བྱུང་ན་ཤིན་ཏུ་བཟང་བ་དང་།
༣༽བླ་གྲྭ་རྣམས་ནི་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆེད་ལས་པ་ཞིག་ཡིན་པས། བླ་གྲྭ་བཙུན་མ་ཡོངས་རྫོགས་བཤད་སྒྲུབ་སྒོམ་གསུམ་གྱི་ནང་ནས་སློབ་ཐོན་བྱ་རྒྱུ་ནི་ང་ཚོའི་ལུགས་སྲོལ་དང་གོམས་གཤིས་སུ་ཆགས་པ་བྱེད་རྒྱུ་དང་།
༤༽དགོན་སྡེ་རི་ཁྲོད་ཀུན་གྱིས་རྟེན་བཞེངས་བས་སྲོག་བཞེངས་བྱས་ན་དགེ་བ་ཕན་ཡོན་ཆེ་བས། དགོན་པར་སེམས་ཅན་འབུལ་བ་བྱུང་ཚད་ཚེ་ཐར་གཏོང་རྒྱུ་ལས། རྟེན་བཞེངས་དང་འཚོ་རྟེན་ཆེད་དུ་བཤའ་གཙོང་གཏན་ནས་བྱེད་མི་རུང་།
༥༽དགོན་པ་ཚང་མའི་རབ་བྱུང་བ་རྣམས་ལོ་ལྟར་ཆད་མེད་དཀའ་ཐུབ་ཉིན་བདུན་ལས་མི་ཉུང་བར་ཞིག་ཚད་ལྡན་ཚུལ་མཐུན་དུ་འཚོགས་ཐུབ་པ་གལ་ཆེ།
༦༽སྔོན་བྱོན་མཁས་གྲུབ་རྣམས་ཀྱི་སྒྲུབ་གནས་དགོན་སྡེ་རི་ཁྲོད་བྱིན་ཆེན་རྣམས་ཉམ་གསོ་དང་ངོས་འཛིན་བྱེད་ནས། དེ་དག་ལ་གནས་བསྐོར་རྟེན་མཇལ་འགྲོ་རྒྱུ་སོགས་ནི་བོན་གྱི་བླ་སྤྲུལ་སེར་སྐྱ་ཀུན་གྱི་མཐོང་ཆེན་འཛིན་དགོས།
༧༽འབྱོར་ལྡན་བླ་སྤྲུལ་སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཞིང་མཁན་པོ་དགེ་བཤེས་ཡོན་ཏན་ཅན་རྣམས་མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམབཞད་ཐོག་ང་ཚོའི་བསྟན་པ་འདི་ཉིད་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱ་ཐབས་ཀྱི་བགྲོ་གླེང་དུས་དུས་སུ་འཚོགས་བྱ་རྒྱུ།
༨༽ང་ཚོའི་གཞོན་ནུ་ལོ་ཆུང་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་གསོ་དར་སྤེལ་གཏོང་དགོས།

ཞེས་ཁྱུང་བོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག