ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གླིང་གཙོ་གཞོན་པ་ནགས་གཙང་གིས་སློབ་གླིང་དབུ་ཚུགས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གནད་བསྡུས།
གླིང་གཙོ་གཞོན་པ་ནགས་གཙང་གིས་སློབ་གླིང་དབུ་ཚུགས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གནད་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ནགས་གཙང་བྱམས་པ་ངག་དབང་།] [ཟླ་ཚེས། 10-09-14] [ཀློག་གྲངས། ]

གླིང་གཙོ་གཞོན་པ་ནགས་གཙང་བྱམས་པ་ངག་དབང་གིས་སློབ་གླིང་དབུ་ཚུགས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གནད་བསྡུས།

༢༠༡༠ལོའི་ཟླ་༩ཚེས་༡༠ཉིན།

ད་རེས་ཀྱི་སྐབས་བརྒྱད་པའི་མཐོ་རམས་པ་འཛིན་གྲྭར་སློབ་མ་བསྡོམས་༡༡ཡོད་པའི་ནང་། དགེ་ལུགས་པའི་སློབ་མ༥དང་ས་སྐྱ་བའི་སློབ་མ་༦ཡོད་པ་རྣམས་བོད་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཞིང་ལྗོངས་བཞི་ནས་ཕེབས་པ་རེད། སྐབས་བཞི་བའི་རབ་འབྱམས་པ་འཛིན་གྲྭར་སློབ་མ་བསྡོམས་༢༥ཡོད་པ་རྣམས་ཚང་མ་བོན་པོ་བ་རེད། བོན་པོའི་སློབ་མ་རྣམས་བོད་དང་སི་ཁྲོན་ནས་ཕེབས་པ་རེད། སློང་གླིང་ནས་བོན་པོའི་འཛིན་གྲྭ་གཉེར་བ་ད་རེས་ཐེངས་དང་བོ་རེད། བོན་པོའི་འཛིན་གྲྭ་གཉེར་རྒྱུར་སློབ་གླིང་ནས་ཚད་མཐོའི་མཐོང་ཆེན་གནང་ནས། དུས་ཚོད་ལོ་གསུམ་རིང་བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག བོན་པོ་བའི་འཁྲིད་རྒྱུ་ཁྱད་ཆོས་དང་མཐུན་པའི་ཞིབ་ཕྲའི་སློབ་ཁྲིད་བྱེད་ཐབས་བཟོས་ཡོད། དེས་ན་རབ་འབྱམས་པ་འཛིན་གྲྭའི་སློབ་མ་རྣམས་ཀྱིས་རང་ཉིད་བོན་པོ་བའི་འཛིན་གྲྭ་ཨང་དང་བོའི་སློབ་མ་ཡིན་པར་སྤོབས་པ་བསྐྱེད་དགོས། སློབ་གླིང་དུ་ལོ་གཉིས་བཞུགས་པའི་རིང་། རིག་པའི་གནས་ཀུན་ལ་སྦྱང་བ་མཐར་ཕྱིན་གནང་ནས། ཏང་དང་སྲིད་གཞུང་དེ་བཞིན་ཆོས་དད་མང་ཚོགས་སོགས་ཀྱིས་ཁྱེད་རྣམ་པར་བཅོལ་བའི་རེ་བ་སྟོངས་ཟད་དུ་མ་བཏང་བར། སྤྱི་དམངས་ཀྱི་འདུ་ཤེས་དང་། འདྲ་མཉམ་གྱི་འདུ་ཤེས། ཁྲིམས་སྲུང་འདུ་ཤེས། བྱས་རྗེས་འཇོག་པའི་འདུ་ཤེས་བཅས་ཇེ་ཆེར་བཏང་ནས། རྒྱལ་གཅེས། ཁྲིམས་བཀུར། སྡོམ་སྲུང་། དམངས་ཕན་བཅས་ལ་མཁས་པའི་བོད་བརྒྱུད་ནང་བསྟན་པ་ཞིག་ཆགས་པ་བྱ་དགོས། 

 སྐབས་བརྒྱད་པའི་མཐོ་རམས་པ་འཛིན་གྲྭ་དང་སྐབས་བཞི་བའི་རབ་འབྱམས་པ་འཛིན་གྲྭ་སློབ་འགོ་ཚུགས་པའིམཛད་སྒོའི་སྟེང་གི་གསུང་བཤད་ལས་གནད་བསྡུས་ཤིག་ཟུར་དུ་བཏོན་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག