ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁྱུང་མོང་བཤད་སྒྲུབ་སློབ་གླིང་འཇང་དགུན་ཆོས་སུ་ཞུཊ་པ།
ཁྱུང་མོང་བཤད་སྒྲུབ་སློབ་གླིང་འཇང་དགུན་ཆོས་སུ་ཞུཊ་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 10-09-27] [ཀློག་གྲངས། ]

        སྤྱི་ལོ༢༠༡༠ལོའི་བོད་ཟླ་༨པའི་ཚེས་༡༦ནས་༢༣བར་མདོ་སྨད་མཚོ་ལྷོ་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་དུ་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་མདོ་སྨད་འཇང་དགུན་ཆོས་སྐབས་བརྒྱད་པ་འཚོགས་པ་དང་། དེའི་སྟེང་དགེ་ལུགས་པའི་དགོན་ཁག་སུམ་ཅུ་ལྷག་ལས་བཤད་གྲྭ་བ་རྐྱང་ཆིག་སྟོང་ཉིས་བརྒྱ་ལྷག་གིས་གཞུང་པོད་ཆེན་ལྔའི་ཡ་གྱལ་ཚད་མ་རིག་པའི་གནས་ལ་རྩོད་གླེང་དང་ཉམས་མྱོང་སྤེལ་རེས་བྱེད་པའི་གོ་སྐབས་དང་བསྟུན། མཚོ་ལྷོ་ཁུལ་དང་རྫོང་རིམ་པས་ཆོས་ལུགས་ལས་ཁུངས་ནས་སྣེ་ལེན་དང་གདན་ཞུ་འོག་མཚོ་ལྷོའི་མངའ་ཁོངས་ཀྱི་བོན་གྱི་འདུས་སྡེ་ཆེན་མོ་ཁྲི་ཀ་རྫོང་ཁྱུང་མོང་དགོན་པའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཁན་པོ་ཁྱུང་དཀར་དགེ་བཤེས་བཟོད་པ་འགྱུར་མེད་ལགས་དང་། དགེ་བཤེས་གཡུང་དྲུང་བསམ་གཏན། དགེ་བཤེས་གཡུང་དྲུང་བློ་གསལ་བཅས་གཙོས་མཛད་རིགས་སྨྲ་བའི་སྡེ་བཅུ་ཕྲག་གཉིས་ལྷག་རྩོད་གྲྭ་ཆེན་མོ་དེར་དངོས་སུ་ཞུགས་ཏེ། མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད། ཅེས་པའི་དཔེ་ལྟར། ཚད་མ་རིག་པའི་གཞུང་དོན་གྱི་དཀའ་གནད་ལ་རྩོད་སྤོང་ཤན་འབྱེད་ཀྱི་ལམ་ནས་རིག་པ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་ཀྱི་ཚུལ་དུ་རང་རྒྱལ་གཞན་ཕམ་གྱི་འདུ་ཤེས་གཞི་ནས་དོར་ཏེ། གངས་ཅན་མདོ་སྨད་ལྗོངས་སུ་གྲུབ་མཐའ་ཕན་ཚུན་བར་མཐུན་སྒྲིལ་གསེར་གྱི་ཟམ་ཆེན་བཙུགས་པའོ། ། 

མདོ་སྨད་འཇང་དགུན་ཆོས་སུ་ཞུགས་པའི་བོན་གྱི་རིགས་སྨྲ་བའི་སྡེ།

ཁྱུང་མོང་དགོན་པའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་རྣམས།

འཇང་དགུན་ཆོས་སུ་ཞུགས་པའི་ཁྱུང་མོང་བཤད་སྒྲུབ་སློབ་གླིང་གི་བཤད་གྲྭ་བ་ལྷན་རྒྱས།

 

 

 

 

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག