ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྨན་རིའི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་སྐུ་གདུང་བཞུ་སྲེག་གནང་བ།
སྨན་རིའི་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་གི་སྐུ་གདུང་བཞུ་སྲེག་གནང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཤེས་རབ་གྲགས་པ།] [ཟླ་ཚེས། 10-10-01] [ཀློག་གྲངས། ]






བོད་ཟླ་བརྒྱད་པའི་ཚེས་༢༢ཉིན་གྱི་ཞོགས་པར་རྟོགས་ལྡན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་གཙོས་མཛད་པའི་སྣང་ཞིག་དགོན་པའི་མཁན་པོ་དགེ་བཤེས་ཤེས་རབ་གྲགས་པ། ཟིང་ཆུ་དགའ་མལ་དགོན་ཆེན་གྱི་དཔོན་སློབ་དགེ་བཤེས་ཤེས་རབ་མཐར་ཕྱིན། ཤར་རྫའི་རི་ཁྲོད་ཀྱི་མཁན་པོ་རིག་འཛིག་དབང་རྒྱལ། མཁན་པོ་ཚེ་རིང་ནོར་བུ། བྲག་འགོ་རྒྱལ་རོང་དགོན་གྱི་སྤྲུལ་སྐུ་འཆི་མེད་གཡུང་དྲུང་། བླ་མ་འཇམ་དཔལ་རྒྱ་མཚོ། དབྲ་སྲས་ཟླ་གྲགས་ཡང་སྤྲུལ་ནམ་མཁའ། སྟེང་ཆེན་དཔོན་སློབ་དགེ་བཤེས་རྒྱལ་བ་བསྟན་འཛིན། ཁྱུང་བོ་དགེ་བཤེས་བསྟན་འཛིན་སྐལ་བཟང་། རྒྱ་ཞིག་བླ་མ་ཚུལ་ཁྲིམས་ཉི་མ་ཕྱོགས་སོ་སོའི་ཕེབས་པའི་བླ་སྤྲུལ་དགེ་བཤེས་བརྒྱ་ཕྲག་ལྷག་འཛོམས་ནས་སྦྱིན་བསྲེག་ཆོ་གའི་དབུ་བཟུང་ནས་དགེ་བའི་བཤེས་གཉེན་མོ་ཟླ་བ་བསྟན་འཛིན་མཆོག་གི་སྐུ་གདུང་སྦྱིན་བསྲེག་གནང་བ་དང་།

གཞན་ཁྱུང་བོ་དགེ་བཤེས་བསྟན་འཛིན་སྐལ་བཟང་མཆོག་དགེ་བའི་བཤེས་གཉེན་ཆེན་མོ་ཟླ་བ་བསྟན་འཛིན་མཆོག་གི་སྐུ་ཚབ་ཏུ་བསྐོས་བཞག་གནང་ནས་སླར་ཡང་དགེ་བའི་བཤེས་གཉེན་མཆོག་གི་མཛད་པའི་མཐར་རྒྱས་པའི་རྟེན་འབྲེལ་དུ་རྗེས་བཞག་མཛད་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག