ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁྱུང་དཀར་ཚངས་པའི་གདན་སར་སྐྱབས་རྗེ་བོན་བརྒྱ་མཆོག་གིས་བཀའ་དབང་བསྩལ་བ།
ཁྱུང་དཀར་ཚངས་པའི་གདན་སར་སྐྱབས་རྗེ་བོན་བརྒྱ་མཆོག་གིས་བཀའ་དབང་བསྩལ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། TriSoten] [ཟླ་ཚེས། 10-11-18] [ཀློག་གྲངས། ]

      ཧོར་ཟླ་བཅུ་བའི་ཚེས་བཅུ་གཅིག་ནས་བཅུ་གཉིས་ཏེ་ཉིན་གཉིས་ལ། འཛམ་གླིང་མཁས་པའི་གཙུག་རྒྱན་༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་རེབ་གོང་གསེར་མོ་ལྗོངས་ཀྱི་བྱང་ཕྱོགས་ཁྱུང་དཀར་ཚངས་པའི་གདན་ས་སྙན་བཟང་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་དུ། དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོར་བྱས་རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུས་པ་སྤྱི་དང་། རེབ་གོང་བོན་མང་ཕུར་ཐོག་སྟོང་དང་དགུ་བརྒྱའི་གསང་སྔགས་རིག་པ་འཛིན་པའི་སྡེ། དེ་མིན་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དང་འདུས་པ་སྟོང་ཕྲག་གསུམ་ལྷག་ལ། སྔགས་རྫོགས་པ་ཆེན་མོ་མཁའ་འགྲོའི་གསང་གཅོད་ཡིད་བཞིན་ནོར་བུའི་དབང་དང་ལྷན་སྐྱེས་དཀར་པོ་སུམ་སྦྱོར་གྱི་དབང་། སྙིང་པོ་རྣམ་གསུམ་དང་ཚེ་སྒྲུབ་ཀྱི་ལུང་བཅས་ཀྱི་བཀའ་དྲིན་བསྩལ་བས་དད་ལྡན་སྨིན་གྲོལ་སའི་རྡུལ་དང་མཉམ་པ་ཞིག་ཐར་བ་སྨིན་གྲོལ་གྱི་ལམ་ལ་བཀོད་པའོ། །

 

 

 

 

 

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག