ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བགྲེས་པོའི་འབེལ་གཏམ་གྱི་རྩོམ་བསྡུའི་གསལ་བརྡ།
བགྲེས་པོའི་འབེལ་གཏམ་གྱི་རྩོམ་བསྡུའི་གསལ་བརྡ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩོམ་སྒྲིག་པ།] [ཟླ་ཚེས། 10-12-07] [ཀློག་གྲངས། ]

༄༅། །རྣམ་དཔྱོད་ཀྱི་སྒོ་འཕར་ཡངས་ཤིང་སྒྱུ་རྩལ་ལ་དུངས་པ་ཟབ་པའི་སྨྱུག་ཐོགས་རྩོམ་པ་པོ་ལྷན་རྒྱས་ལ་ཆེད་དུ་ཞུ་གསོལ།

      དགོངས་མངའ་བཞིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་རིན་པོ་ཆེའི་ཐུགས་རྗེའི་སྒྲིབ་བསིལ་འོག་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱི་ལམ་སྟོན་དང་འབྲེལ་འདུས་སྡེ་ཆེན་པོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་འདིར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གཙུགས་ནས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་རིག་རླབས་སྒོ་ཀུན་ནས་རྒྱས་བཞིན་པ་དང་བསྟུན་འཆར་ཅན་གྱི་དུས་དེབ་བགྲེས་པོའི་འབེལ་གཏམ་ཞེས་པ་ལོ་བསྟར་འདོན་མུས་བཞིན། ད་ལམ་འདོན་ཐེངས་བཅུ་གཅིག་པ་དེ་ཡང་རྩོམ་སྒྲིག་བྱ་ལ་ཉེ་བས། དེ་ལུགས་ཞང་བོད་རང་ས་ནས་བྱུང་བའི་ཐུན་མོང་མ་ཡིན་པའི་ཕ་ཆོས་གཡུང་དྲུང་བོན་དང་འབྲེལ་བའི་བསྟན་འབྱུང་དང་ལོ་རྒྱུས། ཤེས་རིག་དང་སྒྱུ་རྩལ། ཡུལ་སྲོལ་དང་གོམས་གཤིས། དཔྱད་རྩོམ་དང་སྙན་རྩོམ། མདོར་ན་བོན་འབྲེལ་གནས་ཚུལ་སོགས་ལ་ཚད་བཀག་མེད་པས་རྩོམ་རིག་ལ་རྒྱུས་མངའ་ཆེ་བའི་གཟུར་གནས་རྒྱ་ཆེའི་སྨྱུག་ཐོགས་པ་རྣམས་ནས་གཙོ་བོ་དཔྱད་རྩོམ་གྱི་རིགས་གང་མང་བསྐུར་གནང་ཡོང་བ་ཞུ་རྒྱུ་དང་། ལྷག་པར་དུ་ཆོས་སྲིད་གང་ལའང་གནོད་སྐྱོན་འགྲོ་བའི་རིགས་མ་ཡིན་པ་ཞིག་དགོས། དུས་དེབ་ཐོག་ཏུ་རྩོམ་ཡིག་རྣམས་སྤུས་ཚད་གང་ལེགས་གདམ་སྒྲུག་གིས་འགོད་འཆར་ཡིན་པས་ངེས་པར་ཐུགས་ལ་འཇགས་རོགས་ཞུ། རང་གི་རྩོམ་ཡིག་དག་རབ་བྱུང་ན་གློག་ཀླད་དུ་བཅུག་སྟེ་གློག་འཕྲིན་བརྒྱུད་ནས་སྤྱི་ལོ་༢༠༡༡ལོའི་ཟླ་༡ཚེས་༡ལས་མི་འགྱངས་བར་འདིར་གཏོང་ཐབས་གནང་རོགས་ཞུ་རྒྱུ་བཅས།

རྩོམ་ཡིག་བསྐུར་ཡུལ། depobeltam@gmail.com

བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ་༢༠༡༠ཟླ་བ་༡༢ཚེས་༥ཉིན་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག