བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ས་པེ་ཅིང་དུ་ཚོགས་པ།
ཚོགས་ཞུགས་པ་རྣམས་ལྷན་འཛོམས་ཀྱི་འདྲ་པར།
བོན་གྱི་ཐ་སྙད་ཕྱོགས་སྒྲིག་བྱ་ཕྱོགས་ཀྱི་གྲོས་བསྡུར་གནང་བཞིན་པ།
མཁས་དབང་རྣམ་པས་རྣམ་དཔྱོད་མི་འདྲ་བའི་སྒོ་ནས་དགོངས་འཆར་སྒྲོག་གླེང་།
བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཚོགས་མི་ལྷན་རྒྱས།
༢༠༠༩ལོ་སྤྱི་ཟླ་༦ཚེས་༡༢་ཉིན་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་གོ་སྒྲིག་གནང་བ་བོད་ཀྱི་ཚིག་མཛོད་ཆེན་མོའི་ལས་འཆར་སྐབས་སུ་བོན་གྱི་ཐ་སྙད་སྐོར་ཕྱོགས་སྒྲིག་བྱ་ཕྱོགས་གྲོས་གཞིའི་ཆེད་ཚོགས་འདུ་བྱས་ཉིན་ཚོགས་ཞུགས་གནང་མཁན་རྣམས་ཀྱི་མཚན་ཐོ་གཤམ་གསལ།
བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་འགན་འཛིན་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་། སྤྲུལ་སྐུ་ཤེས་རབ་བསྟན་པའི་ཟླ་བ། ཀན་སུའི་ཞིང་ཆེན། བསང་ཆུ་རྫོང་རྩེ་ཞིག་དགོན། སེང་སྤྲུལ་རིག་འཛིན་ཉི་མ། ཟི་ཁྲོན་ཞིང་ཆེན། ཉག་རོང་རྫོང་ཡེ་ཤེས་དགོན། ཤེས་རབ་དཔལ་ཆེན། ཟི་ཁྲོན་ཞིང་ཆེན་རྔ་བ་རྫོང་སྣང་ཞིག་དགོན། པཎ་ཙ་བསྟན་འཛིན་དར་རྒྱས། ཟི་ཁྲོན་ཞིང་ཆེན་རྔ་བ་རྫོང་སྣང་ཞིག་དགོན། གཡུང་དྲུང་ཉི་མ། མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་། བོན་བརྒྱ་སྨན་རི་དགོན། ཞུས་ཆེན་པ་རྒན་འཇམ་དགའ། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། ཕུར་ཁོ། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། མཁས་དབང་ཚེ་རིང་ཐར། པེ་ཅིང་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ། མཁས་དབང་ཐུབ་བསྟན་ཕུན་ཚོགས། པེ་ཅིང་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ། སྒྲོལ་མ་སྐྱིད་མཚོ། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། རྟོགས་ལྡན་བསྐལ་ཁོ། ཟི་ཁྲོན་ཞིང་ཆེན་རྔ་བ་རྫོང་རྟོགས་ལྡན་དགོན། རིན་ཆེན་སྒྲོལ་མ། པེ་ཅིང་བོད་རིག་པའི་ཞིབ་འཇུག་ལྟེ་གནས། བསྟན་འཛིན་བཀྲ་ཤིས། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་།
༢༠༠༩ལོ་ཟླ་༦ཚེས་༡༥ཉིན་བོན་གྱི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚོགས་ཆུང་གཏན་འབེབ་དང་། དེའི་ལས་འཆར་སྐོར་གྱི་ཚོགས་འདུའི་གྲོས་ཆོད་སྐོར།
༡༽བོན་གྱི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚོགས་ཆུང་གཤམ་གསལ་གྱི་ཚོགས་མི་བདུན་ལས་གྲུབ་པ་ཞིག་གཏན་ཁེལ་བྱུང་།
༢༽བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་འགན་འཛིན་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་གནང་རྒྱུའི་ཐག་བཅད་བྱས།
༣༽མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་ཚོགས་མི་རྣམས་ལ་ཚོགས་མིའི་ལག་འཁྱེར་རེ་བཟོ་རྒྱུའི་ཐག་བཅད།
༤༽བོད་ཀྱི་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇམ་དགའ་དང་།དེ་འབྲེལ་ལས་བྱེད་ བསྟན་འཛིན་བཀྲ་ཤིས། བོན་གྱི་རྩོམ་སྒྲིག་ཚོགས་ཆུང་མི་བདུན་བཅས་ཀྱིས་གྲོས་མཐུན་ཐོག་བོན་གྱི་ཚིག་མཛོད་དེབ་གཅིག་དང་། ཞང་བོད་སྐད་གཉིས་ཤན་སྦྱར་དེབ་གཅིག བོན་གྱི་རྣམ་གྲངས་དེབ་གཅིག་བཅས་བཟོ་རྒྱུའི་ཐག་བཅད།
༥༽བོན་གྱི་ཐ་སྙད་ཕྱོགས་སྒྲིག་གི་སྤྱི་ཁོག་ཟིན་ཐོ་གཞིར་བཟུང་དཔེ་ཆ་དང་དེབ་བཅས་ཀྱི་དཀར་ཆག་ཞིག་བཟོ་རྒྱུའི་ཐག་བཅད།
༦༽བོན་གྱི་ཐ་སྙད་ཕྱོགས་བསྡུའི་ལས་རིམ་དང་འབྲེལ་སྔོན་དུ་བོན་གྱི་ཐ་སྙད་གལ་ཆེན་ཚིག་གྲངས་ག་ཚོད་ཡོད་མེད་གཏན་འཁེལ་བཟོ་རྒྱུ་དེ་རྗེས་ཚིག་འགྲེལ་བཏབ་རྒྱུ་བྱས།
༧༽རྩོམ་སྒྲིག་ཚོགས་མི་རྣམས་ཀྱིས་སོ་སོ་འགན་ཁུར་ཏེ་ཕྱོགས་ཕན་ཚུན་བོན་གྱི་གནས་ཡོད་མི་སྣ་གལ་ཆེན་རྣམས་ལ་འབྲེལ་བ་འཛུགས་ཏེ་བོན་གྱི་ཐ་སྙད་བསྡུ་སྒྲིག་དང་མི་རྒྱུ་ནུས་གསུམ་ཕྱོགས་གང་ ཐད་ནས་རྒྱབ་སྐྱོར་དང་། སློབ་སྟོན་སོགས་གནང་ཐབས་ཡོང་རྒྱུའི་འབོད་བསྐུལ་ཁྱབ་སྤེལ་གནང་རྒྱུ་ བྱས།
༨༽རྩོམ་སྒྲིག་ཚོགས་མི་རྣམས་ཀྱིས་སོ་སོས་བལྟ་ཀློག་གནང་རྒྱུའི་དཔེ་གཞུང་ཁག་ཚན་པ་སོ་སོར་ བྱེད་ནས་བལྟ་རྒྱུ་དང་། དཔེ་གཞུང་བགོ་བཤའ་རྒྱག་ནས་བལྟ་རྒྱུའི་ཐད་ཞིབ་བསྡུར་བྱས་མཐར་དཔེ་ གཞུང་ཁག་བགོ་བཤའ་རྒྱག་རྒྱུར་མང་མོས་ཐག་བཅད་བྱུང་བའོ།
༩༽རྩོམ་སྒྲིག་ཚོགས་མི་རྣམས་ཀྱིས་བོན་གྱི་ཐ་སྙད་བསྡུ་སྒྲིག་སྐབས་སྡེ་ཚན་སྒྲིག་སྟངས་དང་གོ་རིམ་སོགས་ཟུར་གསལ་ལེའུའི་གོ་རིམ་ལྟར་གནང་རྒྱུའི་གྲོས་ཐག་བཅད།
༡༠༽བོན་གྱི་རྣམ་གྲངས་སྐོར་སྒྲིག་སྟངས་དེ་ཀ་ཁའི་གོ་རིམ་མི་འགྲིག་ལ་གཅིག་ཚན་དང་གཉིས་ཚན་སོགས་ཚན་པའི་སྒོ་ནས་སྒྲིག་རྒྱུ་བྱས།
༡༡༽དགོན་པ་ཁག་དང་བསྒྲུབ་གནས་སྐོར་དེ་ཚོགས་མི་སོ་སོར་གནས་འབྲེལ་དང་བསྟུན་པའི་སྒོ་ནས་རབ་བྱུང་ན་དེ་དག་གི་ལོ་རྒྱུས་དང་། དེ་ལྟར་མ་བྱུང་རུང་དགོན་པ་དང་རི་ཁྲོད་ཞིག་ཡིན་ན། དེ་ས་གནས་གར་ཡོད་དང་། དེ་བཏབ་ལོ། འདེབས་མཁན་བཅས་དང་། གནས་རི་ཡིན་ན་རབ་ལོ་རྒྱུས་རྒྱས་པ། དེ་མིན་གནས་རི་དེ་ས་གནས་གར་ཡོད། གནས་སྒོ་ཕྱེ་དུས། དེ་ཕྱེ་མཁན་བཅས་དགོས་རྒྱུ་བྱས་སོ།
༡༢༽རྩོམ་སྒྲིག་ཚོགས་མི་རྣམས་ཐ་སྙད་བསྡུ་སྒྲིག་ཐད་ཟུར་གསལ་བལྟ་ཀློག་གནང་རྒྱུའི་དཔེ་ཐོ་ལྟར་གནང་མཚམས། ལོ་རྗེས་མའི་སྤྱི་ཟླ་དྲུག་པའི་ནང་ཡར་མར་སྐྱར་འཛོམས་གནང་རྒྱུའི་གྲོས་ཐག་ བཅད་པ།
༡༣༽སྤྱི་ཁྱབ་རྩོམ་སྒྲིག་པ་དང་བོན་གྱི་རྩོམ་སྒྲིག་ཚོགས་མི་རྣམས་ལ་ལེགས་མཚོན་བཀྲ་ཤིས་བདེ་ ལེགས་ཀྱིས་མཐར་བརྒྱན་ཏེ་ལྷ་དར་སྒྲོན་འབུལ་གནང་རྒྱུ་བཅས་སོ།
བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཚོགས་ཐེངས་གཉིས་པ་རྒྱ་ནག་ཁྲི་འདུ་གྲོང་ཁྱེར་ལ་ཚོགས་པ།
སྐབས་འདིའི་རྩོམ་སྒྲིག་ཚོགས་པའི་བཞུགས་མོལ་ཚོགས་འདུ།
ཚོགས་ཐེངས་གཉིས་པའི་ལྷན་འཛོམས་འདྲ་པར།
སྤྱི་ཁྱབ་རྩོམ་སྒྲིག་པའི་འཆར་གཞི་དང་དགོངས་འཆར་གནང་བཞིན་པ།
ཕན་ཚུན་བགྲོ་གླེང་དང་གྲོས་བསྡུར་གནང་བཞིན་པ།
གྲོས་ཆོད་ཁག་ཡིག་ཆར་བཀོད་བཞིན་པ།
༢༠༡༠ལོའི་ཟླ་༡༢ཚེས་༥ནས་༦བར་ཉིན་གཉིས་རིང་རྒྱ་ནག་ཁྲི་འདུའི་གྲོང་ཁྱེར་ལ་འདུ་འཛོམས་གནང་སྟེ། ལོ་སྔོན་མའི་གྲོས་ཆོད་ལྟར་བྱས་ན་འདི་ལོའི་ཚོགས་འདུ་དེ་སྤྱི་ཟླ་དྲུག་པའི་ནང་འཛོམས་རྒྱུ་བྱས་ཀྱང་། རྩོམ་སྒྲིག་པ་རྣམས་ལས་བྲེལ་སྣ་ཚོགས་ཀྱིས་རྐྱེན་པས་སྤྱི་ཟླ་༡༢ནང་ཕྱིར་འགྱངས་སུ་སོང་། ད་ལན་ཚོགས་དོན་གཙོ་བོ་དུས་ཡུན་ལོ་གཅིག་ནང་རྩོམ་སྒྲིག་པ་སོ་སོའི་ལས་འགན་ལྟར་ལས་ཞོར་དུ་ཕྱག་ལས་གནང་བ་དེ་དག་ཕྱོགས་བསྡུས་དང་ཞིབ་བསྡུར་བཅས་ཀྱི་སྒོ་ནས་འཆར་གཞི་དང་གོ་རིམ་སོགས་གཅིག་གྱུར་མེད་ན་ལས་ཀ་མང་པོ་ཞིག་འཐུས་ཤོར་དང་དུས་ཚོད་ཆུད་ཟོས་འགྲོ་བར་བརྟེན། ཐེངས་འདིའི་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་ཆུང་འདུ་འཛོམས་བྱས། ཚོགས་འདུ་ཞུགས་མཁན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇམ་དགའ་དང་། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། པཎ་ཙ་བསྟན་འཛིན་དར་རྒྱས། ཨ་གྲགས་ཤེས་རབ་དཔལ་ཆེན། སེང་སྤྲུལ་རིག་འཛིན་ཉི་མ། རྟོགས་ལྡན་སྐལ་ཁོ་བཅས་ཚོགས་ཞུགས་གནང་། ཚོགས་འདུའི་གྲོས་ཆོད་ལ།
༡ ལོ་སྔོན་མའི་ལས་ཀ་དེ་དག་ཕྱོགས་བསྡུས་བྱས་ཏེ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི་བོད་ཀྱི་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་རྒན་འཇམ་དགའ་ལགས་ཀྱིས་སྐྱར་ཞིབ་དང་སྡེ་ཚན་གོ་རིམ་སོགས་ཕྱོགས་བསྡུས་ཅན་དེ་ལོ་རྗེས་མའི་ལས་ཀའི་སྐབས་ཐ་སྙད་སྐྱར་ཟློས་ཡོང་མིན་བལྟ་ས་རྩོམ་སྒྲིག་པ་རྣམས་མི་རེར་བལྟ་ས་བཟོ་ནས་མི་རེ་ལ་ཚར་རེ་བསྐུར་རྒྱུ་བྱས།
༢ ལོ་སྔ་མའི་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་སྐབས། ལོ་རྗེས་མའི་ཐ་སྙད་བསྡུ་སྟངས་དེ་སྡེ་ཚན་བཟོ་ནས་ཚན་པ་རེ་ལ་ཨང་གྲངས་རེ་བཟོ་ནས་གོ་རིམ་སྡེ་ཚན་དེ་བཞིན་རྩོམ་སྒྲིག་པ་ཚང་མས་དེ་ལྟར་ངེས་པར་དུ་ལག་ལེན་བསྟར་རྒྱུ་བྱས། སྡེ་ཚན་བཅུ་བདུན་ཡོད་པའི་གོ་རིམ་ནི།
00$ཐ་སྙད་སྤྱི།#
01$ཆོས་ལུགས་མི་སྣ།#
02$ལོ་རྒྱུས་མི་སྣ།#
03 $ལྷའི་སྐོར།#
04 $གསུང་རབ།#
05$དགོན་སྡེ།#
06$གནས་རི་བསྒྲུབ་གནས།#
07$རྣམ་གྲངས་སྐོར།#
08$ཞང་ཞུང་གི་ཐ་སྙད།#
09$བཟོ་རིག་པ།#
10$སྒྲ་རིག་པ།#
11$ཕྱི་རིག་པ།#
12$ནང་རིག་པ།#
13$མདོ།#
14$སྔགས།#
15$རྫོགས་ཆེན།#
16$གསོ་བ་རིག་པ།#
17$ལོ་རྒྱུས་(དོན་དག་)། #
༣ དེ་སྔོན་ལས་ཀ་བྱས་ཟིན་པའི་ཟིན་ཐོ་ཁག་འཇམ་དགས་པེ་ཅིང་ནས་དུས་ཚོད་གང་མགྱོགས་ཐོག་ཚང་མ་མཉམ་སྒྲིལ་གྱི་ཡིག་ཆ་གཅིག་དང་། རྣམ་གྲངས་སྐོར་གཅིག་སྒྲིག་ཡིག་ཆ་གཅིག
༤ ༢༠༡༡ལོར་སྔ་ལོར་གཏན་འབེབས་བྱས་པའི་རྩོམ་སྒྲིག་སོ་སོས་བལྟ་ཀློག་དགོས་པ་དེ་དག་ཚང་མ་མཇུག་སྒྲིལ་ཐབས་དང་། དེ་ཚར་མཚམས་དེ་ནས་བོན་གྱི་བཀའ་དང་བཀའ་བརྟེན་དཔེ་ཀློག་མ་བྱས་པ་རྣམས་མུ་མཐུད་རྒྱུན་འཁྱོངས་བྱེད་ནས་ལས་ཀ་སྔར་བས་གཏིང་ཟབ་ཏུ་འགྲོ་ཡང་ཇི་སྲིད་བར་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་གྲོས་ཐག་བཅད་པ་བཅས་སོ།