བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནི། ལོ་རྒྱུས་རྒྱས་པར་གཟིགས་ན་འདིར་གནོན་རོགས། ཨ་རི་སོགས་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་གཡུང་དྲུང་བོན་གྱི་བསྟན་པ་དར་སྤེལ་གནང་བའི་བོན་གྱི་བླ་མ་སྔ་ཤོས་ཀྱི་གྲས་ཡིན་ལ། ད་ལྟའི་ཆར་ཨ་རི་དང་། དབྱིན་ཇི། ཧྥ་རན་སི། པོ་ལན་ཊི། ཨོའུ་སི་ཀྲུ་ལི་ཡ། ཨི་ཊ་ལི། སི་པན། ཌན་མག ཁེ་ན་ཌ། རྗེར་མེ་ནི། ར་ཤི་ཡ། སུས་རྫི་ལན་ཌི། མེག་སི་ཀོ བྷུ་རེ་ཟལ་སོགས་འཛམ་གླིང་རྒྱལ་ཁབ་ཁག་མང་པོའི་ནང་ཁོང་གི་རྗེས་འཇུག་དང་སློབ་འབངས་སུ་གྱུར་བ་ཧ་ཅང་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། ད་བར་ཁོང་གིས་གསར་འཛུགས་ཞུས་པའི་བོན་གྱི་ཚོགས་སྡེ་སུམ་ཅུ་སོ་ལྔ་ཙམ་ཡོད་ཅིང་། ཚོགས་པ་ཡོངས་རྫོགས་ཀྱི་ལྟེ་བ་ནི་ཨ་རིའི་ཤར་ཕྱོགས་སུ་ཡོད་པའི་ལིག་མིན་རྐྱའི་བོན་ཚོགས་དེ་རེད། དེ་བཞིན་སློབ་གཉེར་ཁང་སོ་སོར་ཕྱི་གླིང་སློབ་མ་རྣམས་ཀྱིས་གཡུང་དྲུང་བོན་གྱི་སེམས་ཕྱོགས་སྔོན་འགྲོ་དངོས་གཞི་དང་། རྩ་རླུང་འཕྲུལ་འཁོར་སོགས། མདོར་ན་གཡུང་དྲུང་བོན་གྱི་སྔགས་རྫོགས་དང་འབྲེལ་བའི་ཉམས་ལེན་གྱི་གཞུང་ལ་རིམ་པས་འབད་དང་འབུང་བཞིན་མཆིས། ཁོང་གིས་བྲིས་གནང་བའི་དཔེ་དེབ་དང་དཔེ་ཁྲིད་སྐབས་ཀྱི་ཟིན་བྲིས་སོགས་སྤྱིའི་དེབ་གྲངས་བཅུ་ཕྲག་ཁ་ཤས་རྒྱལ་ཁབ་འདྲ་མིན་གྱི་སྐད་ཡིག་ཐོག་ཏུ་ཡོད།
རྒྱལ་ཁབ་བཅུ་ལྷག་གི་སྐད་ཡིག་ཏུ་བསྒྱུར་བའི་དཔེ་དེབ་ཁག
མེག་སི་ཀོ་རུ་བཞེངས་པའི་གཡུང་དྲུང་བོན་གྱི་མཆོད་རྟེན།
མཇལ་སྐོར་དུ་ཕེབས་པའི་མཆོད་རྟེན་ཕྱི་རོལ་གྱི་མང་ཚོགས།
མཆོད་རྟེན་སྒོ་འབྱེད་སྐབས་བཅར་བའི་གྲྭ་བཙུན་ཁག་ཅིག
མཆོད་རྟེན་སྒོ་འབྱེད་སྐབས་ཀྱི་ཚོགས་རའི་ནང་གི་རྣམ་པ།
རྗེར་མེ་ནི་རུ་རྫོགས་ཆེན་སྔོན་འགྲོའི་དཔེ་ཁྲིད་སྐབས་ཀྱི་ཚོགས་ར།
ར་ཤི་ཡར་འབྱུང་ལྔའི་དཔེ་ཁྲིད་སྐབས་ཀྱི་ཚོགས་ར།
རྔ་བ་རིག་རྒྱམ་མཆོག་ནས་པར་རིས་མཚམས་སྦྱོར་དང་བཅས་པ་མཁོ་འདོན་གནང་བར་བཀའ་དྲིན་ཆེ་ཞུ།