ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྟོན་པའི་འཁྲུངས་མཆོད་ཆེན་མོར་གསོལ་བ་འདེབས།
སྟོན་པའི་འཁྲུངས་མཆོད་ཆེན་མོར་གསོལ་བ་འདེབས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-03-19] [ཀློག་གྲངས། ]

བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་སྐུ་འཁྲུངས་ནས་མི་ལོ་༡༨༠༢༨ལོན་པར་བཀྲ་ཤིས་རྟེན་འབྲེལ་ཞུ།

ཞང་ཞུང་སྐད་དུ། དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ། བོད་སྐད་དུ་གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ། །

ཨེ་མ་ཧོ། སངས་རྒྱས་བསྟན་པའི་མངའ་བདག་གསེར་མདོག་འཆང་། །མཚན་དཔེ་གཟི་འབར་བརྒྱད་ཁྲི་བོན་འཁོར་བསྐོར། །
ལོག་ལྟའི་དཔུང་འཇོམས་འགྲོ་བའི་སྐྱབས་གཅིག་པུ། །རྒྱལ་བ་གཤེན་རབ་མཆོག་ལ་གསོལ་བ་འདེབས། །

སྟོན་པའི་རྒྱལ་པོ་འཁོར་བ་འདྲེན་པའི་དཔལ། །མུན་པའི་ཚོགས་རྣམས་འཇོམས་བྱེད་སྒྲོན་མེའི་འོད། །
མ་རིག་ནད་གདོན་སེལ་བ་སྨན་པའི་གཙོ། །མི་ཡི་མཆོག་ཏུ་གྱུར་བ་དམུ་ཡི་རྒྱལ། །
དུག་ལྔའི་འདམ་དང་མཚོ་སྐེམ་མེ་ཆེན་དཔུང་། །མཚན་དང་དཔེ་བྱད་ལྡན་པའི་གཟི་འཕགས་པོ། །
དཀའ་བ་སྣ་ཚོགས་དང་དུ་བླངས་ནས་ནི། །མཛད་པ་སྣ་ཚོགས་མཐའ་རུ་ཕྱིན་མཛད་ཅིང་། །
གཟིགས་ཚད་བཞི་དང་དགོངས་ཚད་དྲུག་གཉིས་ཀྱིས། །བྱམས་པ་ཆེན་པོས་འཁོར་བ་སྒྲོལ་བྱེད་པ། །
གཤེན་རབ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག