ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ལོ་སར་གྱི་འཚམས་འདྲི་དང་འབྲེལ་ཏེ་བཀའ་དྲིན་ཞུ་བ།
ལོ་སར་གྱི་འཚམས་འདྲི་དང་འབྲེལ་ཏེ་བཀའ་དྲིན་ཞུ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ལུང་རྟོགས་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 11-03-21] [ཀློག་གྲངས། ]

ཞྭ་དཀར་གཡུང་དྲུང་བོན་གྱི་སྤྱི་མགོན་ཆེན་མོ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་། དམུ་རིགས་གཤེན་གྱི་གདུང་ལས་གྲོལ་བའི་གཤེན་རིན་པོ་ཆེ། སྨྲ་བའི་དབང་ཕྱུག་ཡོངས་འཛིན་དཔོན་སློབ་རིན་པོ་ཆེ་གསུམ་དབུས་པའི། རྒྱལ་ཕྱི་ནང་གང་སར་བཞུགས་པའི་བསྟན་འགྲོའི་དོན་ཆེན་མཛད་པའི་དཔོན་གསས་བླ་མ་རྣམས་དང་། མི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་གསོ་བའི་མཁས་སྙན་ཅན། དབུལ་ཕོངས་ཀྱི་སྦུག་རྒྱ་ལས་གྲོལ་བའི་འབྱོར་ཕྱུག་ཅན་དང་། དེ་བཞིན་མི་རིགས་དང་རིག་གནས་ལ་ལྷག་བསམ་དུང་ལྟར་དཀར་བའི་བརྩེ་ལྡན་གྱི་གྲོགས་པོ་བཅས་ལ་གནམ་ལོ་གསར་ཚེས་ཀྱི་དུས་བཟང་ཁྱད་པར་ཅན་དང་འབྲེལ་བའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། མ་ཚད་༢༠༡༠ལོ་ནས་བོད་མི་རིགས་ཀྱི་ཐུན་མིན་ཁྱད་བོན་ལྡན་པའི་སངས་རྒྱས་གཡུང་དྲུང་བོན་གྱི་རིག་གཞུང་མྱུར་སྐྱོབ་དང་མཐོང་ཆེན་སོགས་ཀྱི་ཆེད་དུ། ཀྲུང་དབྱང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནང་བོན་གྱི་འབྲིང་རམས་པའི་འཛིན་གྲྭ་དངོས་སུ་དབུ་རྙེས་པ་ལ་རྒྱལ་ཕྱི་ནང་དུ་ཡོད་པའི་བླ་སྤྲུལ་དང་དགེ་བཤེས་ལས་ཁུངས་ཚོང་བ་ལྷག་བསམ་ཅན་མང་བོ་ཞིག་ནས་རྒྱབ་སྐྱོར་དང་རམ་འདེགས་ཡིད་རངས་སོགས་སྒོ་དུ་མས་མཐུན་སྦྱོར་གནང་བ་ལ་ངེད་བོན་གྱི་འབྲིང་རམས་པའི་དགེ་སློབ་ཡོངས་ཀྱིས་ཚབ་ཞུས་ཏེ་ཁྱེད་རྣམས་སྐུ་གཟུགས་བདེ་ཐང་དང་མཛད་འཕྲིན་ཡར་རྒྱས་ཡོང་བའི་བཀྲ་ཤིས་བདེ་ལེགས་དང་འབྲེལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག་མུ་མཐུད་ནས་ཀྱང་དེ་ལྟར་བཀའ་དྲིན་གནང་རོགས་ཞུ་བའི་རེ་འབོད་དང་བཅས་ཏེ་བསྟན་པའམ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེ་ཉིད་འཁྲུངས་ནས་ལོ་ངོ༡༨༠༢༨ལོན་པའི་དུས་ཆེན་དང་བསྟུན་ནས་པེ་ཅིང་ཀྲུང་དབྱང་ནང་བསྟན་སློབ་གླིང་ནས་ཕུལ་བའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག