ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་མཛད་སྒོ་ཐེངས་དྲུག་པའི་གནས་ཚུལ།
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་མཛད་སྒོ་ཐེངས་དྲུག་པའི་གནས་ཚུལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-03-22] [ཀློག་གྲངས། ]

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་མཛད་སྒོ་ཐེངས་དྲུག་པའི་གནས་ཚུལ་མདོར་བསྡུས།

དགེ་བའི་བཤེས་གཉེན་རྣམས་ཀྱིས་བསོད་ནམས་ཀྱི་མཆོད་ཞིང་དམ་པར་དངོས་འབྱོར་མཆོད་སྤྲིན་ཕུལ་བའི་རྣམ་པ།

དགེ་བའི་བཤེས་གཉེན་རྣམས་ཀྱིས་བསོད་ནམས་ཀྱི་མཆོད་ཞིང་དམ་པར་དངོས་འབྱོར་མཆོད་སྤྲིན་ཕུལ་བའི་རྣམ་པ།

དགེ་བའི་བཤེས་གཉེན་རྣམས་ཀྱིས་བསོད་ནམས་ཀྱི་མཆོད་ཞིང་དམ་པར་དངོས་འབྱོར་མཆོད་སྤྲིན་ཕུལ་བའི་རྣམ་པ།

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དབུས་པས་མཁས་མང་འདུས་པ་རྒྱ་མཚོ་རྒྱས་འཚོགས་གནང་བཞིན་པ།

༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་མཁན་སློབ་རྣམ་གཉིས་དང་བཀའ་རམས་པ་རྣམ་པ་དྲུག

བཀའ་རམས་པ་རྣམས་ཀྱིས་དགེ་བཤེས་དམ་བཅའི་རྩོད་རྒྱུགས་གནང་བཞིན་པ།

བཀའ་རམས་པ་རྣམ་པ་དྲུག་གིས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུར་དགའ་སྤྲོའི་ངང་ཨང་གསར་གྲྭ་སྒྲིག་གནང་བཞིན་པ།

དཔོན་སློབ་རིན་པོ་ཆེ་མཆོག་གིས་བཀའ་རབ་འབྱམས་པ་རྣམས་ལ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་གནང་བཞིན་པ།

དགེ་བའི་བཤེས་གཉེན་གྱི་ཆེ་མཐོང་ཕྱག་འཁྱེར་གྲྭ་སྒྲིག་བཤམས་གནང་བ།

སྐྱ་སེར་ཐུན་མོང་གིས་སྨོན་ལམ་གྱི་མཚམས་སྦྱོར་ཞུ་བཞིན་པ།

སྐྱ་སེར་ཐུན་མོང་གིས་སྨོན་ལམ་གྱི་མཚམས་སྦྱོར་ཞུ་བཞིན་པ།

དགེ་བཤེས་ཁྲི་བཞེངས་ཀྱི་མཛད་རིམ་གྲུབ་སྟེ་དྲན་རྟེན་གྱི་མཉམ་པར་སྒྲོན་པ།

དགེ་བཤེས་མཛད་སྒོ་ཚོགས་ཆུང་གིས་མཛད་རིམ་ངོ་སྤྲོད།

ཇི་སྐད་དུ། བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས། གང་དག་བཀའ་ལས་བྱུང་གྱུར་པ། །དེ་དག་རིག་པས་གཞལ་མིན་ན། །སྙིང་པོའི་དོན་ཐོབ་ག་ལ་མཆིས། །དེ་ཕྱིར་རིགས་གཞལ་དོན་ཡོད་བྱ། །ཞེས་གསུངས་པ་ལྟར། རྒྱལ་བའི་བཀའ་དང་དེར་བརྟེན་གསུང་རབ་ཁག་ལ་རང་དོན་དུ་ཐོས་བསམ་སྒོམ་པ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསུང་རབ་དག་གི་ཉིང་བཅུད་ལེན་པ་ནི་རྒྱལ་སྲས་གཡུང་དྲུང་སེམས་དཔའི་རྣམ་ཐར་ལགས་པས་ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེར་བ་ཀུན་གྱིས་དང་དུ་བླང་བྱའི་མཆོག་ཏུ་གྱུར་པ་ཡིན་པ་གཞིར་བཟུང་སྟེ། བསྟན་འགྲོའི་དཔལ་མགོན་བླ་ན་མ་མཆིས་པ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་ཕན་བདེའི་གཞི་རྩ་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ནུབ་མེད་སྲིད་མཐའི་བར་དུ་གནས་པ་དང་། དེ་ལ་བརྟེན་ནས་བལ་བོད་མི་རིགས་ཀྱིས་མཚོན་འགྲོ་དྲུག་སེམས་ཅན་ཀུན་ཀྱང་ནད་མུག་འཁྲུག་རྩོད་ཞི་ཞིང་བླ་མེད་རྫོགས་བྱང་གི་གོ་འཕང་ཐོབ་པའི་རྒྱུ་རུ་དགོངས་ཏེ། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་སྡེ་འདི་ཉིད་ཕྱག་བཏབས་མཛད་པ་དང་། དགོན་སྡེའི་བྱ་བཞག་གཙོ་བོ་རྒྱལ་བ་གཤེན་རབ་མི་བོའི་བཀའ་དང་དེ་ལ་བརྟེན་ནས་མཛད་པའི་ཞང་བོད་ལོ་པཎ་རྣམས་ཀྱིས་གསུངས་པའི་སྔར་སྲོལ་ཐུན་མིན་གབ་མཛོད་ས་གསུམ་གྱི་གཞུང་ཆེན་ཡིག་ཆ་ཁག་གཙོས་མདོ་སྔགས་རིག་པའི་གནས་བཅས་ལ་འཆད་ཉན་ཚུལ་མཐུན་མཛད་སའི”གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང”གི་བཅའ་བཀོད་ཕྱག་ལེན་བཀའ་དྲིན་སྐྱོང་གནང་མཛད་པའི་ལག་རྗེས་སུ། ད་བར་དགེ་བཤེས་བཅུ་ཕྲག་དུ་མ་བསླབ་པ་མཐར་སོན་བྱུང་བ་དང་། དེ་བཞིན་ཨ་སྙན་རྫོགས་གསུམ་གཙོས་རང་ལུགས་རྫོགས་ཆེན་སྡེ་བཞིའི་ཁྲིད་རིམ་ཁག་ལ་བློ་སྦྱོང་དང་། རྩ་སྦྱང་། མུན་མཚམས་བཅས་ལོ་བཞིའི་སློབ་ཚན་བཅད་མཚམས་ཟིན་པའི་སྒྲུབ་ཐོན་རྣལ་འབྱོར་བ་བཅུ་ཕྲག་གྲངས་ཤིག་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡི་འཁྲུངས་མཆོད་ཆེན་མོའི་སྐབས་དང་བསྟུན་རིམ་པ་བཞིན་བཀྲ་ཤིས་དགའ་སྟོན་གྱི་རྟེན་འབྲེལ་མཛད་སྒོ་གྲུབ་ཡོད་པ་དང་། ད་ལན་འདུས་སྡེའི་ཁོངས་ནས་བཀའ་རམས་པ་རྣམ་པ་དྲུག་གིས་མདོ་སྔགས་སེམས་གསུམ་དང་རིག་པའི་གནས་བཅས་ལ་སྦྱང་པ་མཐར་སོན་གནང་བའི་ཆེ་རྟགས་སུ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་གསོལ་ཞུ་བའི་མཛད་སྒོ་འདི་ཉིད་ལྕགས་ཡོས་བོད་ཟླ་༡པོའི་ཚེས་༦ནས་དབུ་བཙུགས་ཏེ་བཀའ་རམས་པ་རྣམས་ཀྱིས་བསྙེན་བཀུར་གཏོང་སྒོ་ཆེན་མོ་དང་སྦྲགས་མཛད་རིམ་ཁག་གོ་རིམ་ལྟར་སྔོན་འགྲོའི་བཤད་པ་དང་། དངོས་གཞིའི་དམ་བཅའ་ཆེན་མོ། མཐར་ཚེས་༡༧ཉིན་བཀྲ་ཤིས་དམ་བཅའ་དང་དགེ་བཤེས་ཁྲི་བཞེངས་བཅས་རྒྱལ་ཁའི་ངང་དགའ་སྟོན་མཛད་སྒོ་མཐར་གྲུབ་པའོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག