ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྐུ་ཕྱྭའི་ཞབས་རིམ་གནད་སྨིན་བསྒྲུབས་པ།
སྐུ་ཕྱྭའི་ཞབས་རིམ་གནད་སྨིན་བསྒྲུབས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་གཡུང་དྲུང་རྒྱལ་མཚན།] [ཟླ་ཚེས། 11-04-09] [ཀློག་གྲངས། ]


གདན་ས༧ཁྲི་བརྟན་ནོར་བུ་རྩེའི་བླ་སྤྲུལ་འདུས་པ་རྒྱ་མཚོ་སེར་ཕྲེང་དུ་ཕེབས་པ།


གདན་ས་༸ཁྲི་བརྟན་ནོར་བུ་རྩེའི་བླ་སྤྲུལ་འདུས་པ་རྒྱ་མཚོས་གཏོར་རྒྱག་ཆེན་མོའི་སྟ་གོན་གནང་བཞིན་པ།

སེམས་པ་འདུས་སྡེ་རྒྱ་མཚོས་གཏོར་རྒྱག་གནང་བཞིན་པ།

སྐྱབས་རྗེ་༸དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་བྱད་ཐག་གཅོད་རྒྱུའི་བཀའ་དྲིན་བསྩལ་བ།

སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་དད་ལྡན་སེར་སྐྱ་ཡོངས་ལ་ཁྲུས་གསོལ་གནང་བཞིན་པ།

སྐྱབས་རྗེ༸དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་གིས་དབལ་བོན་སྟག་ལ་མེ་འབར་གྱི་བཟློག་དབང་གནང་བཞིན་པ།

      ཕྱི་ལོ་༢༠༡༡ལོའི་ཟླ་༤ཚེས༥དབུ་བཙུགས་ཏེ་སྐྱབས་རྗེ་༸རྒྱལ་བ་སྨན་རི་བའི་༸ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་། སྐྱབས་རྗེ་༸ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་པ་གཉིས་ཀྱི་གཙོའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པ་བསྟན་དང་འགྲོ་བའི་དོན་དུ་ཞབས་པད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ཐ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་ནང་དཔལ་འབྱོར་དང་ཐོབ་དང་གོ་སའི་འགྲན་རྩོད་ཀྱི་རླུང་ལྷག་ཤིན་ཏུ་སྡང་བའི་གོ་ལ་ཧྲིལ་པོའི་གནས་བབས་ནི་འཁྲུགས་རྩོད་འཁྱགས་རུམ་གྱི་འོག་ནས་འགྲོ་བ་མི་ལ་ཚ་ཟེར་ཞི་བདེའི་དྲོ་སྐྱིད་ཉམ་དམས་སུ་འགྲོ་བཞིན་པ། རང་བཞིན་འབྱུང་ཁམས་འཁྲུགས་པའི་ཡུལ་སྡེར་གོད་ཆག་བསམ་ཡུལ་ལས་འདས་པ་བྱུང་དང་འབྱུང་བཞིན་པ་མ་ཟད། དུས་ངན་སྙིགས་མའི་ནང་རྟགས་སྐྱེ་འགྲོ་རྣམས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་དང་། གདོན་རིགས་སྟོང་ཕྲག་བརྒྱད་བཅུས་ཚེ་ལ་བར་ཆད་དང་། སྲོག་ལ་ཧུར་ཐུམ་སོགས་འཇིག་རྟེན་དུ་བསམ་མི་ཤེས་པའི་འགལ་རྐྱེན་ཐམས་ཅད་བཟློག་ཐབས་སུ་༸གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྐྱབས་གནས་བླ་སྤྲུལ་དགེ་འདུན་ཉིས་བརྒྱ་ལྷག་གིས་ཡི་དམ་དབལ་ཆེན་ཕུར་པ་འབྲུག་གསས་ཆེམས་པ་དང་། དབལ་བོན་སྟག་ལ་མེ་འབར་སྤུ་གྲི་དཀར་དམར་ནག་གསུམ་གྱི་འཕྲིན་ལས་ཀྱི་ཆོ་གའི་སྒོ་ནས་མཆོད་པའི་ཚོགས་རྒྱ་ཆེན་པོ་བསགས་ཏེ་ཡི་དམ་རྣམ་པ་གཉིས་ཀྱི་བསྲུང་བཟློགས་ཀྱི་ལས་རིམ་རྣམས་ཕྱག་ཏུ་བཞེས་ཡོད་པ་རེད། དེ་བཞིན་ཡོན་བདག་འབྱོར་བ་ཅན་མང་པོ་དང་དགོན་འདིའི་སློབ་གཉེར་བ་ཚོས་རྒྱུ་སྦྱོར་ཕུན་སུམ་ཚོགས་པ་བྱས་ཏེ་༸སྐྱབས་རྗེ་རྩ་བའི་བླ་མའི་སྐུ་ཚེ་ཡུན་ནས་ཡུན་བརྟན་པ་དང་། བསྟན་དང་འགྲོ་བའི་དོན་དུ་ཚོགས་གསོག་མཆོད་འབྲེལ་སྒོར་འབུམ་ཕྲག་མང་པོ་བཏང་ཏེ་སྔོན་དངོས་རྗེས་གསུམ་རྒྱས་གདབ་དང་བཅས་ཏེ་ཕྱི་ལོ་༢༠༡༡ཟླ༤ཚེས༨ཉིན་སེར་སྐྱ་མང་ཚོགས་རྣམས་ལ་ཁྲུས་གསོལ་དང་། ཚེ་བདུད་དགྲ་བགེགས་གདུག་པ་བསྒྲལ་ཕྱིར་གཏོར་རྒྱག་གི་ལས་མཐའ་བཅས་ཆ་ཚང་གྲུབ་པར་མཛད་ཡོད་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག