ཧི་བོན་ཟིན་བྲིས། http://blog.himalayabon.com/index.html
རྣམ་པ་ལྷན་རྒྱས་ཚོར་བསྐྱར་དུ་ཞུ་རྒྱུ་ཞིག་ལ། ༼ཧི་བོན་ཟིན་བྲིས༽ཤར་གཏོང་བྱེད་རྒྱུའི་གསལ་བརྡ་ཉིན་འགའི་སྔོན་ལ་སྤེལ་བ་ལྟར་སྤྱིར་བཏང་བྱས་ན་ཟིན་བྲིས་ཀྱི་མ་ལག་ཕྱོགས་ཡོངས་ནས་མཇུག་གྲུབ་ཡོད་མོད། འོན་ཀྱང་སྒྲོམ་གཞིའི་མ་ལག་ཁ་ཤས་ལ་བསྐྱར་བསྣོན་བྱེད་དགོས་པའི་གནས་ཚུལ་གྱི་རྐྱེན་པས་དེ་རིང་དངོས་སུ་ཤར་གཏོང་བྱེད་ཐུབ་མ་སོང་། ཡིན་ནའང་མི་འགྱང་བར་ཉིན་ཁ་ཤས་ཀྱི་རྗེས་ནས་ཤར་གཏོང་བྱེད་རྒྱུ་ཡིན་པས་དེ་ལུགས་ཀྱི་ཐུགས་ཟུར་དང་སྤྱན་ཟུར་ལ་མི་ཕོག་པའི་དགོངས་འཇགས་འཚལ།
༼ཧི་བོན་ཟིན་བྲིས༽ཚོགས་པའི་མཚམས་སྦྱོར་གནད་བསྡུས།
དྲ་གྲོགས་ལྷན་རྒྱས། སྐུ་ཁམས་བཟང་། དེ་ཡང་༼ཧི་མ་ལ་ཡའི་བོན་ནམ་ཧི་བོན་ཟིན་བྲིས༽འདི་ནི། ངེད་༼ཧི་མ་ལ་ཡའི་བོན་༽དྲ་བའི་གཙོ་སྒྲུབ་པ་རྣམས་ཀྱིས་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ལ་ཆེད་དམིགས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་བཟོས་པ་ཞིག་ཡིན་ལ། ཧི་མ་ལ་ཡའི་ཡིག་གཟུགས་ཀྱི་ལམ་ནས་སྤེལ་བའི་གཡུང་དྲུང་བོན་དང་འབྲེལ་བའི་ཟིན་བྲིས་ཐོག་མ་ཡང་ཡིན། དེ་ཕྱིར༼ཧི་བོན་ཟིན་བྲིས༽སུ་བཞུགས་པའི་སྤུན་གྲོགས་དག་ནས་གཙོ་བོ་གངས་ཅན་བོད་ཀྱི་རིག་གཞུང་མ་ལག་གཡུང་དྲུང་བོན་གྱི་བསྟན་པའི་གཞུང་ལུགས་དང་འབྲེལ་བའི་རྩོམ་རིག་སྣ་ཚོགས་ཏེ། བོན་གྱི་གྲུབ་མཐའ་དང་། རིག་གཞུང་། ཤེས་རིག ལོ་རྒྱུས། དཔྱད་རྩོམ། སྙན་རྩོམ། འབེལ་གཏམ། མི་སྣ་ངོ་སྤྲོད། དགོན་སྡེ་རི་ཁྲོད། གནས་རི། གནའ་ཤུལ་གྲགས་ཅན་གྱི་ངོ་སྤྲོད་སོགས་ཀྱིས་མཚོན་པའི་རྩོམ་ལུས་སྣ་ཚོགས་སྤེལ་ཏེ་རིག་གཞུང་ཞིབ་བསྡུར་དང་། བརྒྱུད་བསྒྲོགས་དར་སྤེལ། ལྟ་ཚུལ་འདོན་སྤྲོད་བཅས་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནའ་བོའི་རིག་གཞུང་འདིའི་ཁྱད་བོན་ས་སྒང་ཧྲིལ་བོར་མྱོང་ཚོར་དང་ངེས་ཟིན་ཟབ་མོ་ཐོབ་ཏུ་འཇུག་དགོས། དེ་ནི་ང་ཚོས༼ཧི་བོན་ཟིན་བྲིས༽བསྒྲུབས་པའི་ཁ་ཕྱོགས་དང་དམིགས་ཡུལ་གཙོ་བོ་ཡང་ཡིན་པས་དེའི་ལུགས་ཐུགས་ལ་འཇགས་པར་མཁྱེན། རྩོམ་ཡིག་སྤེལ་སྐབས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་གཅེས་འཛིན་དང་གྲུབ་མཐའ་ཕན་ཚུན་གྱི་བར། མི་རིགས་ཁག་དང་བླ་སྤྲུལ་བར་མི་མཐུན་ཕུང་དཀྲུགས་ཀྱི་རིགས་རྣམས་རིང་དུ་དོར་ནས་མཐུན་སྒྲིལ་གྱི་ལྟ་བ་དཀྱིས་སུ་འཛིན་རྒྱུ་གལ།
ལྐུགས་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་བོན། །
ལྷ་མི་ལ་སོགས་སེམས་ཅན་ཐམས་ཅད་ལ། །
སོ་སོ་རང་རང་སྒྲ་སྐད་ཅི་བཞིན་དུ། །
འགྲོ་བ་རྣམས་ལ་བོན་གྱི་ཆར་འབེབས་ཤོག །
༼ཧི་བོན་ཟིན་བྲིས་༽ཚོགས་པར་ཞུགས་འདོད་མཁན་རྒྱལ་ཕྱི་ནང་དུ་བཞུགས་པའི་གཡུང་དྲུང་བོན་ལུགས་ལ་གདེངས་འཇོག་དང་དེ་དང་འབྲེལ་བའི་རྩོམ་ཡིག་སྤེལ་མཁན་གྱི་རྩོམ་པ་པོ་དང་ཞིབ་འཇུག་པ། དེ་མིན་སྐྱ་སེར་ངེས་མེད་པ་རྣམས་ཟིན་བྲིས་སུ་ཞུགས་ཆོག་ལ་ཞུགས་འདོད་པ་དག་གིས་གཤམ་གྱི་ཁ་བྱང་ལྟར་འབྲེལ་བ་གནང་བར་འཚལ།
ཟིན་བྲིས་ཐོ་འགོད་ངེད་དོ་དམ་པ་དག་གིས་བྱེད་དགོས་ལ་མི་སོ་སོའི་འདོད་མོས་ལྟར་ཐོ་འགོད་བྱེད་མི་ཐུབ་པ་བཟོས་ཡོད། ངེད་ཚོས་ཐོ་འགོད་བྱས་ཚར་རྗེས་ཟིན་བྲིས་པ་སོ་སོའི་མི་སྒེར་ཟིན་བྲིས་ཀྱི་སྒྲོམ་གཞི་སོགས་རང་རང་གི་འདོད་མོས་ལྟར་བསྒྱུར་བཅོས་བྱས་ཆོག
ཐོ་འགོད་བྱེད་པའི་ཆ་རྐྱེན།
གཅིག༽ དབྱིན་ཡིག་གི་མི་སོ་སོའི་མིང་ཞིག་དང་བོད་ཡིག་གི་དངོས་མིང་འབྲི་དགོས།
གཉིས།༽ གསང་གྲངས་ལ་ཨང་གྲངས་དང་དབྱིན་ཡིག་སོགས་གང་ཡིན་ཆོག
གསུམ།༽ གློག་རྡུལ་ཡིག་སྒམ་ཡོད་དགོས།
བཞི།༽ འབྲེལ་གཏུགས་ཁ་པར་ཨང་གྲངས་དགོས།
ལྔ།༽ སྡོད་གནས་གསལ་བོ་འབྲི་དགོས།
དྲུག༽ མི་སོ་སོའི་འདྲ་པར་བསྐུར་དགོས།
༼ཧི་བོན་ཟིན་བྲིས༽ཚོགས་པ་ལ་ཞུགས་མཁན་གྱི་ཆ་རྐྱེན།
གཅིག༽ རྩོམ་ཡིག་སྤེལ་སྐབས་རྩོམ་ཡིག་རྣམས་བོན་དང་འབྲེལ་བའི་རྩོམ་ཡིག་ཡིན་དགོས།
གཉིས།༽ གྲུབ་མཐའ་དང་མི་རིགས། བླ་སློབ་དང་མི་སྣའི་བར་གྱི་འགལ་ཟླ་སློང་བའི་རྩོམ་རིགས་སྤེལ་མི་ཆོག
གསུམ།༽ ཀུན་གྱིས་མཁྱེན་གསལ་ལྟར་དྲ་ཚིགས་ཀྱི་ཚེ་སྲོག་ལ་ཐུགས་བཞེས་གནང་སྟེ་རྒྱལ་ཁྲིམས་ཀྱི་རྩ་ཁྲིམས་སོགས་དང་འགལ་བའི་རྩོམ་རིགས་སྤེལ་མི་ཆོག
བཞི།༽ ཡིག་གཟུགས་ཡིན་འགྱུར་རྒྱལ་སྤྱིའི་བོད་ཡིག་ཡིག་གཟུགས་ཧི་མ་ལ་ཡའི་ཡིག་གཟུགས་ཡིན་དགོས།
ཐོ་འགོད་འབྲེལ་གཏུགས་བྱེད་ས།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།
ཁ་པར། 13658987999 སྒེའུ་ཁུང་། QQ354637293 གློག་རྡུལ་ཡིག་སྒམ། gexihf@yahoo.com.cn
ཨ་གྲགས་ཤེས་རབ་དཔལ་ཆེན།
ཁ་པར། 13911806593
ཁྲི་བསོད་བསྟན།
ཁ་པར། 15909739205 སྒེའུ་ཁུང་། QQ541071093 གློག་རྡུལ་ཡིག་སྒམ། teseganzhu@yahoo.com.cn trisoten@hotmail.com
རིན་སྤུངས་ཚུལ་བསྟན།
ཁ་པར། 13716981773སྒེའུ་ཁུང་། QQ 897252858 གློག་རྡུལ་ཡིག་སྒམ། tanzen2010@yahoo.com.cn rinpungtsulten@hotmail.com