ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཧི་བོན་ཟིན་བྲིས་སྒོ་འབྱེད་ཀྱི་མཛད་སྒོ།
ཧི་བོན་ཟིན་བྲིས་སྒོ་འབྱེད་ཀྱི་མཛད་སྒོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-05-10] [ཀློག་གྲངས། ]

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བོན་གྱི་འཛིན་གྲྭའི་ནང་ལ༼ཧི་བོན་ཟིན་བྲིས༽སྒོ་འབྱེད་ཀྱི་མཛད་སྒོ་མདོར་བསྡུས་ཤིག་སྤེལ་བ།

མཛད་སྒོའི་སྟེང་གི་རྟེན་འབྲེལ་ཞུ་ཡིག

༧ ཀྲུང་གོ་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་སྣང་ཞིག་དགོན་ཆེན་གྱི་མཁན་ཟུར་ལུང་རྟོགས་རྒྱ་མཚོ་རྣམ་གཉིས་གཙོས་པའི་ནང་བསྟན་སློབ་གླིང་དུ་བཞུགས་དགེ་སློབ་ལྷན་བཞུགས།

དུང་རི་བླ་མ་བཤད་སྒྲུབ་རྒྱལ་མཚན་ནས་ཟིན་བྲིས་སྒོ་འབྱེད་ཀྱི་མདོ་འཛིན་གནང་བཞིན་པ།

ནང་བསྟན་སློབ་གླིང་གི་དགེ་སློབ་རྣམས་ཀྱིས་ཟིན་བྲིས་སྒོ་འབྱེད་དུ་གཙོ་སྒྲུབ་པ་ལ་རྟེན་འབྲེལ་གྱི་དར་དཀར་སྒྲོན་བཞིན་པ། ༼གཙོ་སྒྲུབ་པ་འགོ་བ་དགེ་བཤེས་བསྟན་འབྲུག་གྲགས། ཨ་གྲགས་བླ་མ། ཁྲི་བསོད་བསྟན། ༽རྣམ་གསུམ་དངོས་སུ་མཛད་སྒོ་གནད་བསྡུས་འདི་ལ་བཞུགས་མ་ཐུབ་པའི་འདི་ག་སློབ་གླིང་དུ་ཡོད་པའི་གུས་པས་ངེད་དོ་དམ་པ་རྣམས་ཀྱི་ཚབ་ཏུ་བྱས་པ་ཡིན།

གཙོ་སྒྲུབ་པ་རིན་སྤུངས་ཚུལ་བསྟན་ནས༼ཧི་མ་ལ་ཡའི་བོན༽དང་༼ཧི་བོན་ཟིན་བྲིས༽གཉིས་ཀྱི་མཚམས་སྦྱོར་གནད་བསྡུས་དང་ལས་ཀའི་བརྒྱུད་རིམ་རྣམས་མཚམས་སྦྱོར་བྱེད་བཞིན་པ།

དགེ་རྒན་བསྟན་པའི་རྒྱལ་མཚན་དང་དགེ་རྒན་ལུང་རྟོགས་རྒྱ་མཚོ། གཙོ་སྒྲུབ་པ་རིན་སྤུངས་ཚུལ་བསྟན།

འདི་གར་བཞུགས་པའི་མཆེད་གྲོགས་རྣམས་ཀྱིས་རྟེན་འབྲེལ་ཤིས་ཚིག་གནང་བ།

ནང་བསྟན་སློབ་གླིང་དུ་བཞུགས་པའི་དགེ་སློབ་མཉམ་དུ༼ཧི་མ་ལ་ཡའི་བོན༽དང་༼ཧི་བོན་ཟིན་བྲིས༽གཉིས་ཀྱི་སྐོར་ལ་བགྲོ་གླེང་གནང་བཞིན་པ།
༼ཧི་བོན་ཟིན་བྲིས༽མཚམས་སྦྱོར་གནད་བསྡུས།

དྲ་གྲོགས་ལྷན་རྒྱས། སྐུ་ཁམས་བཟང་། དེ་ཡང་༼ཧི་མ་ལ་ཡའི་བོན་ནམ་ཧི་བོན་ཟིན་བྲིས༽འདི་ནི། ངེད་༼ཧི་མ་ལ་ཡའི་བོན་༽དྲ་བའི་གཙོ་སྒྲུབ་པ་རྣམས་ཀྱིས་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ལ་ཆེད་དམིགས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་བཟོས་པ་ཞིག་ཡིན་ལ། ཧི་མ་ལ་ཡའི་ཡིག་གཟུགས་ཀྱི་ལམ་ནས་སྤེལ་བའི་གཡུང་དྲུང་བོན་དང་འབྲེལ་བའི་ཟིན་བྲིས་ཐོག་མ་ཡང་ཡིན། དེ་ཕྱིར༼ཧི་བོན་ཟིན་བྲིས༽སུ་བཞུགས་པའི་སྤུན་གྲོགས་དག་ནས་གཙོ་བོ་གངས་ཅན་བོད་ཀྱི་རིག་གཞུང་མ་ལག་གཡུང་དྲུང་བོན་གྱི་བསྟན་པའི་གཞུང་ལུགས་དང་འབྲེལ་བའི་རྩོམ་རིག་སྣ་ཚོགས་ཏེ། བོན་གྱི་གྲུབ་མཐའ་དང་། རིག་གཞུང་། ཤེས་རིག ལོ་རྒྱུས། དཔྱད་རྩོམ། སྙན་རྩོམ། འབེལ་གཏམ། མི་སྣ་ངོ་སྤྲོད། དགོན་སྡེ་རི་ཁྲོད། གནས་རི། གནའ་ཤུལ་གྲགས་ཅན་གྱི་ངོ་སྤྲོད་སོགས་ཀྱིས་མཚོན་པའི་རྩོམ་ལུས་སྣ་ཚོགས་སྤེལ་ཏེ་རིག་གཞུང་ཞིབ་བསྡུར་དང་། བརྒྱུད་བསྒྲོགས་དར་སྤེལ། ལྟ་ཚུལ་འདོན་སྤྲོད་བཅས་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནའ་བོའི་རིག་གཞུང་འདིའི་ཁྱད་བོན་ས་སྒང་ཧྲིལ་བོར་མྱོང་ཚོར་དང་ངེས་ཟིན་ཟབ་མོ་ཐོབ་ཏུ་འཇུག་དགོས། དེ་ནི་ང་ཚོས༼ཧི་བོན་ཟིན་བྲིས༽བསྒྲུབས་པའི་ཁ་ཕྱོགས་དང་དམིགས་ཡུལ་གཙོ་བོ་ཡང་ཡིན་པས་དེའི་ལུགས་ཐུགས་ལ་འཇགས་པར་མཁྱེན། རྩོམ་ཡིག་སྤེལ་སྐབས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་གཅེས་འཛིན་དང་གྲུབ་མཐའ་ཕན་ཚུན་གྱི་བར། མི་རིགས་ཁག་དང་བླ་སྤྲུལ་བར་མི་མཐུན་ཕུང་དཀྲུགས་ཀྱི་རིགས་རྣམས་རིང་དུ་དོར་ནས་མཐུན་སྒྲིལ་གྱི་ལྟ་བ་དཀྱིས་སུ་འཛིན་རྒྱུ་གལ།

ལྐུགས་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་བོན། །
ལྷ་མི་ལ་སོགས་སེམས་ཅན་ཐམས་ཅད་ལ། །
སོ་སོ་རང་རང་སྒྲ་སྐད་ཅི་བཞིན་དུ། །
འགྲོ་བ་རྣམས་ལ་བོན་གྱི་ཆར་འབེབས་ཤོག །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག