ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བོན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ།
བོན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀུན་དགའ་ཡེ་ཤེས་ནས་བོད་བསྒྱུར་གནང་།] [ཟླ་ཚེས། 11-09-17] [ཀློག་གྲངས། ]

སྤྱི་ལོ་༢༠༡༡ལོར་སྤྱི་ཟླ་དགུ་བའི་ཚེས་༩་ནས་༡༠འི་བར་ཉིན་གཉིས་ཀྱི་རིང་ལ་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་ས་ལོན་ཏོན་དུ་ཡོད་པའི་སློབ་གྲ་ཆེན་མོའི་ཚན་ཁག་ཤར་དང་ཨ་པྷ་རི་ཀེན་གྱི་སློབ་གཉེར་ཁང་(School of Oriental and African Studies, University of London)གི་དགེ་རྒན་ཆེན་མོ་བ་སྐུ་ཞབས་ནན་ཐན་ཧི་ལི་(Nathan Hill) མཆོག་གིས་ཞིབ་འཇུག་པ་ཉེར་ལྔ་གདན་འདྲེན་ཞུས་ནས་རྒྱལ་སྤྱིའི་ཚོགས་འདུ་ཞིག་འཚོགས་པ་རེད། དེའི་དམིགས་ཡུལ་ནི་སྤྱི་ལོ་༢༠༡༡་ལོར་སློབ་གཉེར་ཁང་དེར་བོན་གྱི་ཞིབ་འཇུག་གི་སློབ་གཉེར་བཙུགས་ནས་ལོ་ངོ་༥༠འཁོར་བ་དང་ནུབ་ཕྱོགས་སུ་བོད་ཀྱི་ཞིབ་འཇུག་གི་སློབ་གཉེར་བཙུགས་ནས་ལོ་ངོ་༦༠འཁོར་བ་དང་ལོན་དོན་དུ་ཞང་ཞུང་གི་སློབ་གཉེར་ཁང་བཙུགས་པའི་རྟེན་འབྲེལ་གྱི་མཛད་སྒོ་སྐྱོང་བའི་ཆེད་དུ་ཡིན།
ཚོགས་འདུ་དེར་འཛམ་གླིང་དུ་གྲགས་ཅན་གྱི་ཞིབ་འཇུག་པ་མཁས་པ་ཉེར་ལྔས་བོན་དང་ཞང་ཞུང་གི་རྒྱལ་ཁབ་སྐོར་དང་དེ་འབྲེལ་གྱི་བོད་ཀྱི་ཆེས་སྔ་བའི་ལོ་རྒྱུས་དང་ཤེས་རིག་སྐོར་གསུང་བཤད་དང་གྲོས་མོལ་རྒྱ་ཆེར་གནང་བ་རེད།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག