ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྐབས་དང་བོའི་དགེ་རྒན་ཆེན་མོའི་ཐོབ་ཐང་སྤྲད་པའི་རྒྱུགས་ལེན་འགོ་ཚུགས་པ།
སྐབས་དང་བོའི་དགེ་རྒན་ཆེན་མོའི་ཐོབ་ཐང་སྤྲད་པའི་རྒྱུགས་ལེན་འགོ་ཚུགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-11-04] [ཀློག་གྲངས། ]

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ཐོབ་ཐང་སྤྲད་པའི་རྒྱུགས་ལེན་འགོ་ཚུགས་པ།

༧ གཤེན་རིན་པོ་ཆེ་དབུ་བཞུགས་ཀྱི་བོན་གྱི་དགེ་སློབ་ལྷན་རྒྱས།

   ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དང་བོའི་དགེ་རྒན་ཆེན་མོའི་ཐོབ་ཐང་རྒྱུགས་ལེན་དངོས་སུ་དབུ་ཚུགས་པ་དང་གཡུང་དྲུང་བོན་གྱི་དགེ་རྒན་ཆེན་མོ་གཉིས་ཀྱང་མཐོ་རིམ་དགེ་རྒན་ཆེན་མོའི་ཐོབ་ཐང་སྤྲད་པའི་རྒྱུགས་ལེན་གནང་བ་དང་། དགེ་རྒན་ཆེན་མོའི་རྒྱུགས་ལེན་སྐབས་སུ་༧རྒྱལ་བ་གཤེན་གྱི་གདུང་འཛིན་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་དང་། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་། ཤར་རྫ་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ། སྣང་ཞིག་དགོན་ཆེན་གྱི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཚང་དང་། མཐོ་རིམ་དགེ་རྒན་ཆེན་མོ་སྣང་ཞིག་དགོན་ཆེན་གྱི་མཁན་ཟུར་ལུང་རྟོགས་རྒྱ་མཚོ་དང་། རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན། དེ་བཞིན་མདོ་སྨད་སྐུ་འབུམ་དགོན་པའི་དགེ་བཤེས་བརྩོན་འགྲུས་མཆོག་དང་། གཞན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འབྲིང་རམས་རབ་འབྱམས་པའི་སློབ་མ་ཉེར་ལྔ་བཅས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་པེ་ཅིང་དགོན་སེར་ནུབ་མའི་ཚོམས་ཆེན་ཉི་འོད་འཁྱིལ་བ་རུ་འཚོགས་པ་རེད། དེ་ལྟར་༢༠༡༠ལོ་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཡུང་དྲུང་བོན་བསྟན་འདི་ཡང་ནང་བསྟན་དུ་ཁས་ལེན་གནང་སྟེ་མདོ་དབུས་མཁས་གསུམ་གྱི་བོན་གྱི་འབྲིང་རམས་རབ་འབྱམས་པ་མི་སྣ་ཉེར་ལྔ་བསྡུས་པ་དང་། ༢༠༡༡ལོ་ལ་ཡང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དང་བོའི་དགེ་རྒན་ཆེན་མོ་ཐོབ་ཐང་སྤྲད་པའི་རྒྱུགས་ལེན་ཁོངས་སུ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་གཉིས་ལ་དགེ་རྒན་ཆེན་མོའི་ཐོབ་ཐང་གནང་བ་དེས་ཀྱང་ང་ཚོ་གཡུང་དྲུང་བོན་བསྟན་ལ་མཚོན་ན་ཡང་ཆེས་དགའ་འོས་པ་དང་དོན་ཆེན་ཞིག་རེད།


༧ དགེ་རྒན་ཆེན་མོ་༧རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དམ་བཅའ་ལ་བཞུགས་བཞིན་པ།

༧ དགེ་རྒན་ཆེན་མོ༧ སྣང་ཞིག་མཁན་ཟུར་ལུང་རྟོགས་རྒྱ་མཚོ་དམ་བཅའ་ལ་བཞུགས་བཞིན་པ།

      ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཁྲིད་མ་ལག་འཐུས་ལེགས་དང་། བོད་བརྒྱུད་ནང་བསྟན་ཡོན་གནས་ལམ་ལུགས་གསར་པ་འཐུས་ཚང་དུ་གཏོང་བའི་ལས་ཀར་ཤུགས་སྣོན་དང་། ནང་བསྟན་གྱི་དགོངས་འགྲེལ་བྱེད་མཁས་ལ་སློབ་ཁྲིད་ཀྱི་འཇོན་ནུས་ལྡན་པའི་དགེ་རྒན་ཆེན་མོ་སྐོར་གཅིག་རིམ་པས་གསོ་སྐྱོང་བྱས་ནས། ནང་རིག་སློབ་ཁྲིད་བྱེད་པའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་ཐུབ་པའི་ཆེད་དང་། བོད་བརྒྱུད་ནང་བསྟན་གྱི་གཞུང་དོན་དགོངས་འགྲེལ་ལས་དོན་སྒྲུབ་པར་མཐུན་རྐྱེན་ལེགས་པོ་བསྐྲུན་པའི་ཆེད། ཀྲུང་དབྱང་འཐབ་ཕྱོགས་གྱུར་པུའུ་ཡི་འབྲེལ་ཡོད་བཀའ་སློབ་ཀྱི་དགོངས་དོན་ལ་གཞིགས་ནས། ཡུན་རིང་གྲོས་བསྡུར་བྱས་པའི་རྨང་གཞིའི་ཐོག བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔའི་འབྲེལ་ཡོད་སྡེ་ཁག་དང་ཕྱོགས་མང་བོའི་དགོངས་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཞིབ་འཇུག་ཡང་ཡང་བྱས་ནས། བོད་བརྒྱུད་མཐོ་རིམ་ཡོན་གནས་དཔྱད་ཞིབ་ཨུ་ལྷན་གྱི་ཁོངས་མི་རྣམས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་ཞིབ་ཨུ་ལྷན་བཙུགས་ནས་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་ཞིབ་བྱེད་པའི་ལས་དོན་རྣམས་བསྒྲུབ་དགོས་པའི་གཏན་འབེལ་བྱས་པ་རེད།


༧ གཤེན་རིན་པོ་ཆེ་དང་རྩེ་ཞིག་ཚང་རིན་པོ་ཆེ་དབུ་བཞུགས་ཀྱི་དགེ་རྒན་ལྷན་རྒྱས།

༧ དགེ་རྒན་ཆེན་མོ་༧རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དམ་བཅའ་ལ་བཞུགས་བཞིན་པ།

༧ དགེ་རྒན་ཆེན་མོ༧ སྣང་ཞིག་མཁན་ཟུར་ལུང་རྟོགས་རྒྱ་མཚོ་དམ་བཅའ་ལ་བཞུགས་བཞིན་པ།

༡ དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་ཞིབ་ཨུ་ལྷན་གྱི་ཁོངས་མི་ལ། ཀྲུའུ་རེན་རྒན་པ་གཅིག་དང་། ཀྲུའུ་རེན་གཞོན་པ་གཉིས་དང་། ཨུ་ཡོན་བཅུ་གཉིས་ཡོད་པ་དང་། ཨུ་ཡོན་བཅུ་གཉིས་ནང་ལས་བོན་གྱི་སྐུ་ཚབ་ཨུ་ཡོན་ལ༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་།
༢ མཐོ་རིམ་དགེ་རྒན་ཆེན་མོའི་རྒྱུགས་ལེན་ཚོ་ཆུང་གི་ཁོངས་མི་ལ། ཀྲུའུ་རེན་རྒན་པ་གཅིག་དང་། ཀྲུའུ་རེན་གཞོན་པ་བདུན་ཡོད་པ་དང་། ཀྲུའུ་རེན་གཞོན་པ་བདུན་ལས། བོན་གྱི་སྐུ་ཚབ་ལ་སི་ཁྲོན་རྔ་བ་ཁུལ་རྔ་བ་རྫོང་གི་སྣང་ཞིག་དགོན་ཆེན་གྱི་ཡོངས་འཛིན་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ཚང་དང་། ཨུ་ཡོན་བཅུ་ཡོད་པ་དང་། བོན་གྱི་སྐུ་ཚབ་ལ༧ ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཤར་རྫ་བའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་མཆོག་དང་།
༣ མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ཐོབ་ཐང་སྤྲད་སའི་གྲུབ་མཐའ་རིས་མེད་ཀྱི་དགེ་རྒན་སོ་གཅིག་ཡོད་པ་དང་། དེའི་ནང་ལ་ས་སྐྱ་བ་དང་། ཇོ་ནང་བ་དང་། བཀའ་བརྒྱུད་པ། རྙིང་མ་བ། གཡུང་དྲུང་བོན། དགེ་ལུགས་པ་སྟེ་གྲུབ་མཐའ་ཆེན་པོ་དྲུག་གི་དགེ་རྒན་ཡོད་པ་དང་། དེའི་ནང་ལ་གཡུང་དྲུང་བོན་གྱི་དགེ་རྒན་ཆེན་མོ་གཉིས་ཡོད་པ་དང་། དགེ་རྒན་ཆེན་མོ་གཉིས་ནི། རྔ་བ་སྣང་ཞིག་དགོན་ཆེན་གྱི་མཁན་ཟུར་དགེ་བཤེས་ལུང་རྟོགས་རྒྱ་མཚོ་དང་། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་རྩེ་དྲུག་དགོན་པའི་དཔོན་སློབ་དགེ་བཤེས་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གཉིས་ཡིན།



གཡུང་དྲུང་བོན་གྱི་རྒྱུགས་ར་ཁང་།

གཡུང་དྲུང་བོན་གྱི་རྒྱུགས་ར་ཁང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག