ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བོན་གྱི་དགེ་བཤེས་རྣམ་གཉིས་ལ་མཐོ་རིམ་དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་སྤྲད་པ།
བོན་གྱི་དགེ་བཤེས་རྣམ་གཉིས་ལ་མཐོ་རིམ་དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་སྤྲད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-11-09] [ཀློག་གྲངས། ]

བོད་ལྕགས་ཡོས་ལོའི་ཟླ་༩བའི་ཚེས་༡༤ཉིན༼སྤྱི་ལོ༢༠༡༡ལོའི་ཟླ་༡༡པའི་ཚེས་༩ཉིན།༽ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཁང་གསར་བ་ཉི་འོད་འཁྱིལ་བར་སྐབས་བདུན་པའི་མཐོ་རམས་པའི་ཡོན་གནས་དང་སྐབས་དང་བོའི་མཐོ་རིམ་དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་གནང་བ་རེད།

རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། དགེ་རྒན་ཆེན་མོ་ལུང་རྟོགས་རྒྱ་མཚོ། དགེ་རྒན་ཆེན་མོ་ལུང་རྟོགས་བསྟན་པའི་རྒྱལ་མཚན་བཅས་ལྷན་འཛོམས།

རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་། དགེ་རྒན་ཆེན་མོ་ལུང་རྟོགས་བསྟན་པའི་རྒྱལ་མཚན། དགེ་རྒན་ཆེན་མོ་ལུང་རྟོགས་རྒྱ་མཚོ་བཅས།

དགེ་རྒན་ཆེན་མོ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་དགེ་རྒན་ཆེན་མོ་ལུང་རྟོགས་རྒྱ་མཚོ་རྣམ་གཉིས།

ཐོབ་ཐང་ལག་ཁྱེར་སྤྲད་སའི་ཚོགས་ར་ཟུར་ཅིག

གཡུང་དྲུང་བོན་དང་། རྙིང་མ་བ། ས་སྐྱ་བ། བཀའ་བརྒྱུད་པ། ཇོ་ནང་བ། དགེ་ལུགས་པ་བཅས་ཀྱི་དགེ་རྒན་ཆེན་མོའི་སྐུ་ཚབ་རེ་ནས་གྲུབ་མཐའ་སོ་སོའི་དགེ་རྒན་ཆེན་མོ་དག་གི་ཐོབ་ཐབ་ལག་ཁྱེར་ལེན་པ།

གོང་བཞུགས་ཀྱི་དབུ་ཁྲིད་རྣམ་པ།

 
ནང་བསྟན་སློབ་གླིང་གི་སློབ་མ་སྐུ་ཚབ་རྣམས་ཀྱིས་དགེ་རྒན་ཆེན་མོའི་ཐོབ་ཐང་ཐོབ་མཁན་རྣམས་ལ་རྟེན་འབྲེལ་གྱི་དར་དཀར་འབུལ་བཞིན་པ།

    ཞོགས་པའི་ཆུ་ཚོད་བཅུ་བའི་སྟེང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་༧ ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝུན་ཆན་དང་། བོད་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་གཤེན་སྲས་ནོར་བུ་དབང་རྒྱལ། གཞན་ཀྲུང་དབྱང་ཆོས་དོན་ཅུས་ཀྱི་དབུ་ཁྲིད་དང་། ཀྲུང་དབྱང་ནང་བསྟན་མཐུན་ཚོགས་ཀྱི་དབུ་ཁྲིད། རྒྱལ་ཁབ་རིག་གནས་ཅུས་ཀྱི་དབུ་ཁྲིད། ཀྲུང་གོ་བོད་རིག་པའི་ལྟེ་གནས་ཀྱི་གཙོ་འཛིན་དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། འཐབ་ཕྱོགས་གཅིག་གྱུར་པུའུ་དབུ་ཁྲིད། གཞན་ཡང་ཀན་སུའུ་ཞིང་ཆེན་དང་། སི་ཁྲོན་དང་། ཡུན་ནན་སོགས་ཀྱི་ནང་བསྟན་མཐུན་ཚོགས་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཀྱི་དབུ་ཁྲིད་གང་མང་དང་། བོད་མདོ་དབུས་ཁམས་གསུམ་གྱི་བོན་པོ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད། ཇོ་ནང་། དགེ་ལེགས་བཅས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དང་དགེ་བཤེས། མཁན་པོ། ཤེས་ལྡན་གྱི་གྲྭ་བཙུན་སོགས་བླ་སྤྲུལ་དགེ་བཤེས་ཉིས་བརྒྱ་ལྷག་ལྷན་འཛོམས་ཀྱི་དགེ་རྒན་ཆེན་མོ་དང་མཐོ་རམས་པའི་ཐོབ་ཐང་ལག་ཁྱེར་སྤྲད་པ་རེད།
དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་སྤྲད་སའི་དགེ་རྒན་སུམ་ཅུ་ལྷག་ལས་བོན་གྱི་དགེ་རྒན་ཆེན་མོ་རྣམ་གཉིས་ལ་ཡང་དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་གནང་བར་རེད། དགེ་རྒན་ཆེན་མོའི་ཐོབ་ཐང་སྤྲད་པའི་བོན་གྱི་དགེ་རྒན་རྣམ་གཉིས་ནི། རྔ་བ་སྣང་ཞིག་དགོན་ཆེན་གྱི་མཁན་ཟུར་དགེ་རྒན་ཆེན་མོ་ལུང་རྟོགས་རྒྱ་མཚོ་མཆོག་དང་། སྟེང་ཆེན་རྩེ་དྲུག་དགོན་པའི་དཔོན་སློབ་དགེ་རྒན་ཆེན་མོ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གཉིས་ལ་སྐབས་དང་བོའི་དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་གནང་བ་རེད།

དགེ་རྒན་ཆེན་མོའི་ཐོབ་ཐང་ལག་ཁྱེར་སྤྲད་པའི་རྒྱུགས་ལེན་སོགས་ཀྱི་ངོ་སྤྲོད་གནད་བསྡུས།
http://www.himalayabon.com/article/news/20111104671.html

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག