ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> 《ཞང་ཞུང་རིག་གནས》དུས་དེབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།
《ཞང་ཞུང་རིག་གནས》དུས་དེབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩོམ་སྒྲིག་པ།] [ཟླ་ཚེས། 11-12-01] [ཀློག་གྲངས། ]

   ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་གཙོ་གཉེར་བྱེད་བཞིན་པའི《ཞང་ཞུང་རིག་གནས》དུས་དེབ་ནི་ཞང་ཞུང་རིག་གནས་རྨང་གཞི་བྱས་ནས་སྤེལ་བཞིན་པའི་རིག་གཞུང་རང་བཞིན་གྱི་སྣ་འཛོམས་དུས་དེབ་ཞིག་ཡིན་ཞིང་། ལོ་རེར་དེབ་གཉིས་རེ་དཔེ་སྐྲུན་དང་འགྲེམས་སྤེལ་བྱེད་བཞིན་ཡོད། དུས་དེབ་ཀྱི་ནང་དོན་ལ་རིག་གཞུང་བཅར་འདྲི་དང་། རྒྱལ་རབས་ལོ་རྒྱུས། ཆོས་ལུགས་གྲུབ་མཐའ། རྩོམ་རིག་དང་གསོ་བ་རིག་པ་སོགས་ཀྱི་སྐོར་དང་། དེ་མིན་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁྲོད་ཀྱི་བོན་གྱི་ཤེས་རིག་དང་ཞང་ཞུང་རིག་གནས་ཞིབ་འཇུག་གི་གནས་ཚུལ་གསར་བ་རྣམས་ངོ་སྤྲོད་ཞུ་རྒྱུ་ཡིན་ཞིང་། ད་ལྟའི་བར་སྔ་གཞུག་ཏུ་དེབ་གྲངས་བཅུ་གཉིས་ཙམ་འགྲེམས་སྤེལ་བྱས་པ་ལ་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་མང་པོའི་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་པ་མ་ཟད། རིག་གཞུང་ཞིབ་འཇུག་གི་འབྲས་བུ་བཟང་བོ་ཐོབ་ཡོད། ལྷག་པར་དུ་ཞང་ཞུང་རིག་གནས་གཙོས་པའི་བོད་ཀྱི་གདོད་མའི་ཤེས་རིག་གི་ཞིབ་འཇུག་མཁན་རྣམ་པས་དགའ་བསུ་དང་དོན་སྙིང་ཆེན་པོར་བལྟས་པས་དཔར་གྲངས་དང་ཤོག་ངོས་སོགས་སྔར་ལས་ཚད་ལྡན་དུ་གྱུར་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་འབྲེལ་ཡོད་ལས་ཁུངས་ཀྱིས་དགའ་མོས་དང་རོགས་སྐྱོར་ལ་བརྟེན་ནས་ད་ལྟ་དཔེ་སྐྲུན་འགྲེམས་སྤེལ་གྱི་ཆོག་མཆན་དཔང་ཡིག་སོགས་ཀྱང་ཐོབ་ཡོད།
རྣམ་པ་གསར་བ་དང་ནང་དོན་རྒྱ་ཆེར་གཏོང་རྒྱུ་ནི་དུས་དེབ་འདོན་སྤེལ་གྱི་རེ་འདུན་ཡིན་ལ། ཚད་གཞི་གོང་མཐོར་གཏོང་བ་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་རེ་འདུན་སྐོང་ཅི་ཐུབ་བྱེད་རྒྱུ་ནི་དུས་དེབ་རྩོམ་སྒྲིག་པའི་དམིགས་ཡུལ་གཙོ་བོ་ཡིན་པས་ན། ད་ཐེངས་དུས་དེབ་གསར་འདོན་གྱི་སྤྱི་ཁྱབ་འགན་འཛིན་པ་དང་། བློ་འདྲི་ཡུལ། རྩོམ་སྒྲིག་པ་བཅས་ཀྱི་ལས་འགན་གསར་བཟོ་བྱས་ཤིང་། དུས་དེབ་འདོན་སྤེལ་གྱི་རེ་འདུན་ཡང་སྔར་ལས་ཇེ་རྒྱས་སུ་བཏང་ཐོག རྒྱ་ཆེ་ཞིང་སྣ་འཛོམས་ཡོངས་ཐུབ་པའི་རེ་འདུན་གཞིར་བཟུང་ནས་དུས་དེབ་གསར་བ་འདོན་རྒྱུ་ཡིན་པས། རྒྱ་ཆེའི་རྩོམ་པ་པོ་དང་དཔྱོད་ལྡན་གཟིགས་པ་པོ་རྣམས་ཀྱིས་རོགས་སྐྱོར་དང་དགོངས་འཆར་ཡང་ཡང་ཡོད་པའི་རེ་བ་བཅས། གཤམ་གསལ་དོན་ཚན་ཁག་ཐུགས་འཇགས་གནང་རོགས།
གཅིག ངེད་རྩོམ་སྒྲིག་ཁང་ལ་བསྐུར་བའི་རྩོམ་ཡིག་གི་ནང་དོན་གཙོ་བོ་བོན་གྱི་རིག་གནས་ལས་མཚོན་པའི་ཞང་ཞུང་རིག་གནས་ཞིབ་འཇུག་དང་། བོད་ཀྱི་སྔ་རབས་རིག་གནས་ཞིབ་འཇུག་སོགས་ཀྱི་རྩོམ་ཡིག་ཡིན་དགོས་ལ། རྩོམ་ཡིག་མ་བསྐུར་སྔོན་ལ་མ་ཡིག་ཉར་ཚགས་བྱེད་དགོས།
གཉིས། དྲ་འཕྲིན་ནས་འབྱོར་བའི་རྩོམ་ཡིག་གང་ཡིན་ཡང་རྩོམ་སྒྲིག་པས་ཟླ་ཁོང་གཉིས་ཀྱི་ནང་དུ་དུས་དེབ་སྟེང་འགོད་མིན་གྱི་ལན་བསྐུར་ངེས་ཡིན་ཞིང་། དྲ་འཕྲིན་མ་ཡིན་པ་ལ་ཁ་པར་གྱི་ལམ་ནས་འབྲེལ་བ་བྱེད་རྒྱུ་ཡིན་པས་རྩོམ་ཡིག་བསྐུར་སྐབས་འབྲེལ་བ་བྱེད་སྟངས་གསལ་བོ་འབྲི་དགོས།
གསུམ། རྩོམ་སྒྲིག་འབྲེལ་བ་བྱེད་ཡུལ་ནི་དབྲ་ཁྱུང་སྐལ་བཟང་ནོར་བུ་དང་ཀུན་དགའ་ཡེ་ཤེས་གཉིས་ཡིན་ཞིང་། རྩོམ་ཡིག་བསྐུར་ཡུལ་གྱི་དྲ་འཕྲིན་ཡིག་སྒམ་zhangzhungmagazine@gmail.comདང་། ཁ་པར་ཨང་གྲངས 13322557799།

དྲ་བ། www.shangshung.net ཡིན།

《ཞང་ཞུང་རིག་གནས》དུས་དེབ་རྩོམ་སྒྲིག་ཁང་ནས།
༢༠༡༡ལོའི་ཟླ་༡༡ཚེས་༢༦ཉིན་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག